མཚོ་སྔོན་ཞིང་ཆེན་གྱིས་དུས་རྒྱུན་གྱི་དཔྱད་ཞིབ་བྱེད་ཐབས་བཏོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས《ཞིང་ཆེན་དོ་དམ་གྱི་མགོ་ཁྲིད་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པའི་དུས་རྒྱུན་གྱི་དཔྱད་ཞིབ་བྱེད་ཐབས(ཚོད་ལྟ)》གཏན་འབེབས་བྱས་ནས་དངོས་སུ་བཏོན་པ་དང་། དུས་རྒྱུན་གྱི་དཔྱད་ཞིབ་ཀྱི་དམིགས་ཡུལ་རྒྱུ་མཚན་དང་དཔྱད་ཞིབ་བྱེད་ས། དཔྱད་ཞིབ་ནང་དོན། དཔྱད་ཞིབ་རྣམ་པ། མཇུག་འབྲས་བེད་སྤྱོད། དཔྱད་ཞིབ་སྒྲིག་ལམ་སོགས་ཀྱི་ཐད་གཏན་འཁེལ་གསལ་བོ་བྱས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་དོ་དམ་གྱི་མགོ་ཁྲིད་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པའི་དུས་རྒྱུན་རང་བཞིན་གྱི་དཔྱད་ཞིབ་ལ་ཤུགས་བསྣན་པ་རེད།

《བྱེད་ཐབས》ཀྱིས་སྒྲིག་སྲོལ་རིམ་པ་ནས་དུས་རྒྱུན་གྱི་དཔྱད་ཞིབ་བྱ་བ་ཚད་ལྡན་དུ་བཏང་བ་དང་། དུས་རྒྱུན་གྱི་དཔྱད་ཞིབ་ལ་གཙོ་བོ་རྒྱུན་ལྡན་རང་བཞིན་དང་གནས་ཚད་ཡོངས། ལངས་གཟུགས་ཅན་གྱི་རྒྱུགས་ལེན་དཔྱད་ཞིབ་བྱེད་པ་བརྒྱུད། འགུལ་རྣམ་གྱིས་མགོ་ཁྲིད་རྩ་འཛུགས་ཀྱི་སྒྲིག་གཞི་སྡེབ་སྦྱོར་དང་བྱེད་ནུས་འདོན་སྤེལ། ཉིན་རྒྱུན་གྱི་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་ལ་བརྡར་གཅོད་བྱས་ནས། དུས་ཐོག་ཏུ་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་སྤུས་ཚད་དང་བསམ་བློའི་འགུལ་སྤྱོད། ཕྱོགས་བསྡུས་ནུས་ཤུགས། འགན་ནུས་ལག་བསྟར། ཀུན་སྤྱོད་རྣམ་འགྱུར། སྲིད་གཙང་རང་གཅུན་སོགས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཏེ། ཁ་ཕྱོགས་སྔར་ལས་འབུར་ཐོན་སྒོས་ནན་གཅུན་དང་བརྩེ་བ་གཉིས་ཟུང་འབྲེལ་སྒོས། སྐུལ་ལྕག་དང་ཚོད་འཛིན་མཉམ་སྤྱོད་ཀྱིས། དཔྱད་ཞིབ་ཀྱི་རྣམ་པའི་སྟེང་རིགས་དབྱེ་རིམ་བགར་ལག་བསྟར་བྱས་ནས་སྟབས་བདེ་བརྩོན་ལེན་བྱེད་པ་དང་། དཔྱད་ཞིབ་མཇུག་འབྲས་སྟེང་གནད་འཁེལ་ཚན་རིག་དང་མཐུན་པར་བྱས་ཏེ་དྲང་བདེན་ཡོང་བར་ཁག་ཐེག་བྱས་ནས། ལོ་རེའི་དཔྱད་ཞིབ་དང་སྐབས་བརྗེ་རྟོག་ཞིབ། དེ་མིན་འགན་བཞེས་སྐབས་ཀྱི་དཔྱད་ཞིབ་ཀྱི་ཕྱོགས་བསྡུས་གདེངས་འཇོག་ལ་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།