མཚོ་སྔོན་གྱི་སློབ་གྲོགས་འདི་གཉིས་མི་དམངས་ཉིན་རེའི་ཚགས་པར་སྟེང་བཀོད་འདུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཟབ་ནན་གྱི་བདམས་གསེས་དང་དཔྱད་བསྡུར་བརྒྱུད། རྒྱལ་ཡོངས་ཀྱི་ཕུལ་བྱུང་དངོས་གཞི་དང་ཆེད་ལས་ཚན་ཁག་གི་སློབ་མ་ཁྲི6ལ2019ལོ་ནས2020ལོའི་བར་གྱི་རྒྱལ་ཁབ་བྱ་དགའི་རོགས་དངུལ་ཐོབ་ཅིང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་ཁྲི2ལ2019ལོ་ནས2020ལོའི་བར་གྱི་འབྲིང་རིམ་ཆེད་ལས་སློབ་གསོའི་བྱ་དགའི་རོགས་དངུལ་ཐོབ།

ཟླ5པའི་ཚེས4ཉིན་པར་དུ་སྐྲུན་པའི་མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་བཞིའི་སྟེང་དངོས་གཞི་དང་ཆེད་ལས་ཀྱི་སློབ་མའི་རྒྱལ་ཁབ་བྱ་དགའི་རོགས་དངུལ་ཐོབ་པའི་སློབ་མ100དང་། འབྲིང་རིམ་ཆེད་ལས་སློབ་གསོའི་རྒྱལ་ཁབ་རོགས་དངུལ་བྱ་དགའ་ཐོབ་པའི་ཕུལ་བྱུང་འཐུས་ཚབ་སློབ་མ100ཡི་མིང་ཐོ་བཀོད་འདུག

མཚོ་སྔོན་གྱི་ཕུལ་བྱུང་སློབ་མ2མིང་ཐོའི་སྟེང་བཀོད་ཡོད།

དངོས་གཞི་དང་འབྲིང་རིམ་ཆེད་ལས་ཀྱི་རྒྱལ་ཁབ་རོགས་དངུལ་ཐོབ་པའི་སློབ་མའི་འཐུས་ཚབ།

ལིན་ཞུའེ། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་ནད་ཐོག་ལག་ལེན་གསོ་རིག་ཆེད་ལས་ཀྱི2017ལོའི་སློབ་མ། ཀྲུང་གུང་ཏང་ཡོན། སྐབས་བཅུ་དྲུག་པའི་“འགྲན་རྩོད་བུམ་པའི”རྒྱལ་ཡོངས་སློབ་ཆེན་སློབ་མའི་སློབ་ཕྱིའི་ཚན་རྩལ་བརྩམས་ཆོས་འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་ལ། རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཉེར་ལས་གཞི་སྣ1གཙོ་སྐྱོང་བྱས་པ་མ་ཟད་ལེགས་འགྲུབ་བྱས་ཤིང་།རྩོམ་པ་པོ་དང་པོའི་ཐོབ་ཐང་གིས་SCIདཔྱད་རྩོམ1སྤེལ་ཡོད་པ་དང་། རྩོམ་པ་པོ་གཉིས་པའི་ཐོབ་ཐང་གིསSCIདཔྱད་རྩོམ3སྤེལ་ཡོད། 

འབྲིང་རིམ་ཆེད་ལས་སློབ་གསོའི་རྒྱལ་ཁབ་ཀྱི་རོགས་དངུལ་ཐོབ་པའི་སློབ་མའི་འཐུས་ཚབ། 

དོན་གྲུབ་སྐྱིད། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཆེད་ལས་ལག་རྩལ་སློབ་གྲྭའི2018ལོའི་དམངས་ཁྲོད་བཟོ་རྩལ་ཆེད་ལས་སློབ་མ། བོད་རིགས། 2020ལོར་མཚོ་སྔོན་ཞིང་ཆེན་ཆེད་ལས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་གྱི་དམངས་ཁྲོད་བཟོ་རྩལ་ཐང་གའི་འབྲི་བཞེངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། སྐབས་གཉིས་པའི་ཀྲུང་ཧྭའི་ཆེད་ལས་སློབ་གསོའི་གཟུགས་འདས་ཤུལ་བཞག་གསར་གཏོད་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ། མཚོ་སྔོན་ཞིང་ཆེན་སྐབས་བཞི་བའི་ཐང་གའི་སྒྱུ་རྩལ་འགྲན་བསྡུར་གྱི་གསེར་གྱི་བྱ་དགའ་བཅས་ཐོབ་ཡོད། །  

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།