མཚོ་སྔོན་གྱི་རྒྱལ་ཡོངས་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅི་འོས་སྦྱོར་བྱེད་པའི་སྐོར་གྱི་སྤྱི་བསྒྲགས།

ཀྲུང་དབྱང་གི་དགོངས་དོན་དང་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རྩ་འཛུགས་ཀྱིས་འོས་སྦྱོར་དང་རྟོག་ཞིབ་བརྒྱུད། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་ཡིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅི3འོས་སྦྱོར་བྱ་ཡུལ་དུ་བདམས་པ་གཏན་ཁེལ་བྱས་ཡོད། དམངས་གཙོ་དར་སྤེལ་གང་ལེགས་དང་བསམ་འཆར་གང་མང་ལ་ཉན་པ། སྤྱི་ཚོགས་ཀྱི་ལྟ་རྟོག་དང་ལེན་བཅས་བྱས་ཏེ། གཤམ་དུ་ངེད་ཞིང་ཆེན་གྱི་འོས་སྦྱོར་བྱ་ཡུལ་དག་གི་མིང་ཐོ་བསྒྲག་རྒྱུ་ཡིན། སྤྱི་བསྒྲགས་དུས་ཡུན་ནི2021ལོའི་ཟླ5བའི་ཚེས7ཉིན་ནས་ཚེས12ཉིན་བར་ཡིན། སྤྱི་བསྒྲགས་བྱས་པའི་མི་སྣར་བསམ་འཆར་ཡོད་ན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ལ་འབྲེལ་གཏུག་བྱས་ཆོག བསམ་འཆར་གནས་ཚུལ་དངོས་ཐོག་བདེན་འཚོལ་དང་དོན་དངོས་ལུགས་མཐུན་ཡིན་དགོས་པ་མ་ཟད། གནས་ཚུལ་དངོས་ལ་རྒྱུས་ལོན་བྱ་ཆེད་འབྲེལ་གཏུག་ཁ་པར་ཨང་གྲངས་འདོན་སྤྲོད་བྱེད་དགོས། 

འབྲེལ་གཏུག་ཁ་པར་ཨང་གྲངས། 0971-12380

འབྲེལ་གཏུག་ས་གནས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་བྱེད་པ་ལྟ་རྟོག་ཁྲུའུ།

སྦྲག་སྲིད་ཨང་གྲངས། 810000

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས།

2021ལོའི་ཟླ5བའི་ཚེས6ཉིན། 

རྒྱལ་ཡོངས་ཕུལ་བྱུང་རྫོང་ཨུའི་ཧྲུའུ་ཅི་འོས་སྦྱོར་བྱེད་པའི་མི་སྣའི་མིང་ཐོ། 

ཉིའུ་ཏེ་ཧའེ། ཧོར་རིགས། ཀྲུང་གུང་མཚོ་སྔོན་ཞིང་ཆེན་དར་ལག་རྫོང་ཨུའི་ཧྲུའུ་ཅི། རིམ་པ་དང་པོའི་བརྟག་དཔྱད་པ།

ཉི་མ་ཚེ་རིང་། བོད་རིགས། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་གྱི་ཁུལ་དཔོན་གཞོན་པ། ཀྲུང་གུང་ཁྲི་འདུ་རྫོང་ཨུའི་ཧྲུའུ་ཅི།

ཀྲང་ཧྥེང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཏང་ཨུའི་རྒྱུན་ཨུ་དང་གུང་ཧོ་རྫོང་ཨུའི་ཧྲུའུ་ཅི།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།