《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་གི་ཁྲིམས་འཛིན་དབང་ཤུགས་ལ་སྲུང་སྐྱོང་བྱེད་པའི་བྱ་བའི་གཏན་འཁེལ》པར་སྐྲུན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་དབང་ཤུགས་བྱ་བར་སྲུང་སྐྱོབ་ལ་ཤུགས་བསྣོན་པ་ནི། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལག་ལེན་དང་ཁྲིམས་སྐྱོང་སྤྱི་བདེ་འཛུགས་སྐྲུན། ཁྲིམས་སྐྱོང་རྒྱུན་འཁྱོངས་ཀྱི་བླང་བྱར་ཤུགས་སྣོན་བྱེད་པ་ཡིན། ཉེ་ཆར།《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་གི་ཁྲིམས་འཛིན་དབང་ཤུགས་ལ་སྲུང་སྐྱོང་བྱེད་པའི་བྱ་བའི་གཏན་འཁེལ》ལག་བསྟར་བྱེད་པ་དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་དབང་ཤུགས་བྱ་བ་དེ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཕྱོགས་སུ་བསྐྱོད་པ་མཚོན། 

དུས་རབས་གསར་བར་བསྐྱོད་པར་སྤྱི་བདེའི་ཁྲིམས་འཛིན་བྱ་བ་དེ་གནས་བབ་གསར་བ་དང་འགྲན་རྩོད་གསར་བར་འཕྲད་ཅིང་། ཕན་ནུས་ལྡན་པའི་སྒོ་ནས་མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་གྱི་དབང་ཤུགས་ལ་སྲུང་སྐྱོང་བྱེད་པ་དང་འབྲེལ་བ་ཆེས་ཆེར་ལྡན། མི་དམངས་ཉེན་རྟོག་པའི་དབང་ཤུགས་ལ་སྲུང་སྐྱོང་བྱས་ཏེ། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་འགན་ནུས་ལག་བསྟར་ལ་གཞོགས་འདེགས་མཁོ་འདོན་བྱེད་པ་ནི། སྤྱི་བདེ་ལས་ཁུངས་ཀྱི་འཐབ་རྩོད་ནུས་ཤུགས་དང་ཁྲིམས་ལྟར་འགན་ནུས་ལག་བསྟར་བྱེད་པའི་ཕན་ནུས་མཐོར་འདེགས་སུ་གཏོང་བ། དེ་མིན་དུས་རབས་གསར་བར་ཏང་དང་མི་དམངས་ཀྱིས་གནང་བའི་ལས་འགན་ལག་བསྟར་བྱེད་པའི་འགན་སྲུང་ཡིན། སྤྱི་བདེ་པུའུ་ཡི་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པའི་ཁྲིམས་འཛིན་དབང་ཤུགས་ལ་སྲུང་སྐྱོང་བྱེད་པའི་བྱ་བའི་གཏན་འཁེལ་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གིས《མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཉེན་རྟོག་པའི་ཁྲིམས་འཛིན་དབང་ཤུགས་ལ་སྲུང་སྐྱོང་བྱེད་པའི་བྱ་བའི་གཏན་འཁེལ》འགྲེམ་སྤེལ་བྱས་པ་དང་། མི་དམངས་ཉེན་རྟོག་པའི་ཁྲིམས་འཛིན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཟུར་སྣེ་ནས། འགོག་བཅོས་དང་མ་ལག་བཅོས་སྐྱོང་གི་ཐབས་ལམ་ལ་རྐང་བཙུགས་ཏེ། ཁྲིམས་འཛིན་གྱི་བྱ་སྤྱོད་ཚད་ལྡན་དང་ཁྲིམས་འཛིན་གྱི་ཆུ་ཚད་མཐོར་འདེགས། ཁྲིམས་ལུགས་སྒྲིག་སྲོལ་འཐུས་ཚང་། བདེ་འཇགས་འགོག་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན། འཆི་གོད་གྱོང་གསབ་རོགས་སྐྱོར་ལེགས་བཅོས་སོགས་ཀྱི་ཐད་བྱེ་བྲག་གི་བྱེད་ཐབས་མཁོ་འདོན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པས་གཟབ་ནན་དང་དྲང་བཞག དཔལ་ཡོན་སྒོས་ཁྲིམས་ལུགས་ལག་བསྟར་ལ་འགན་སྲུང་དང་ཞབས་ཞུ་མཁོ་འདོན་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།