དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་གི་ལས་ཞུགས་པ་མི་ཁྲི1.71གསར་སྣོན་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་པ་ལྟར་ན། དུས་ཚིགས་དང་པོར། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་གི་ལས་ཞུགས་པ་མི17131གསར་སྣོན་བྱུང་བ་དང་། ན་ནིང་གི་དུས་མཉམ་ལས72.8%འཕར་ཞིང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཞུགས་བྱས་པ་མི་ཐེངས་ཁྲི29.55དང་ན་ནིང་གི་དུས་མཉམ་ལས36.9%འཕར་ལ། མཁར་གྲོང་གི་ཐོ་འགོད་ལས་ཤོར་བྱུང་ཚད2.2%ཡིན་པས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལ་མགོ་ཡག་པོ་བརྩམས་པའི་རྣམ་པ་མངོན་ཡོད།

ད་ལོའི་ཚུན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་མུ་མཐུད་དུ་ལས་ཞུགས་སྲིད་ཇུས་དངོས་འབེབས་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ལས་ཞུགས་ཞབས་ཞུའི་སྤུས་ཚད་བསྟུད་མར་མཐོར་འདེགས་སུ་བཏང་སྟེ། གཅིག་བསྡུས་ངང་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་མི་སྣ་བསྡུ་ལེན་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་ལ། བྱེད་ཐབས་ནུས་ལྡན་སྤྱད་དེ་སྐུལ་འདེད་ཤུགས་ཆེན་བཏང་བས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་གནས་བབ་བརྟན་བརླིང་ངང་ལེགས་པོའི་ཕྱོགས་སུ་འཕེལ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ལས་ཞུགས་སྲིད་ཇུས་དངོས་འབེབས་ཞབས་ཞུ་ལག་བསྟར་བྱ་འགུལ་སྤེལ་ནས་ཞིང་བ་ལས་བཟོ་བ་ལས་རྐང་དུ་ལོག་ནས་ལས་མགོ་འཛུགས་པའི“ས་ཚིགས་གིས་ས་ཚིགས་ཁ་གཏད”ཞབས་ཞུ་བྱེད་པའི་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ལ། གཅིག་བསྡུས་ངང་དཔྱིད་རླུང་བྱ་འགུལ་དང་ལས་ཞུགས་རོགས་སྐྱོར་ཟླ་བ་སོགས་སྤྱི་བའི་ལས་ཞུགས་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་དྲ་སྟེང་དང་ཡུལ་དངོས་ཀྱི་གདན་ཞུ་ཚོགས་འདུ་སྤེལ་ནས་གྲོང་ཁྱེར་དང་ཁུལ་སོ་སོར་ལས་ཞུགས་ཉམས་མྱོང་བྱེད་ཐབས་ཁྱབ་གདལ་གཏོང་བར་མཛུབ་སྟོན་བྱས། ལོ་སར་རྗེས་སུ། ཞིང་ཆེན་ཡོངས་སུ་ལོ་གསར་བསུ་བར་དྲོད་འཁོལ་བསྐྱལ་བ་དང་ལས་བརྟན་བཟོ་སྲུང་གི་བྱ་འགུལ་ལག་བསྟར་བྱས་ཏེ། ཁེ་ལས་དང་གཞིས་ཁུལ་དུ་ལས་ཞུགས་ཞབས་ཞུ་ཞིབ་ཕྲའི་ངང་ལག་བསྟར་བྱས་ལ། མུ་མཐུད་དུ་སྲིད་ཇུས་དངོས་འབེབས་བྱེད་ཤུགས་ཇེ་ཆེར་བཏང་ནས་སྲིད་ཇུས་ཀྱི་ཁེ་ཕན་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།