ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་མགོ་ཁྲིད་ལས་བྱེད་པས་གཙོ་གནད་ཁེ་ལས42འགན་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པ་དང་ཟི་ལིང་(རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ། མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱི་འགན་འཁུར་བློ་མཐུན་གྱི་གྲོང་ཁྱེར་རིམ་པའི་མགོ་ཁྲིད་ཀྱི་འགན་ལེན་ལས་དོན་སྤེལ་ནས། གྲོང་ཁྱེར་རིམ་པའི་མགོ་ཁྲིད་ལས་བྱེད་པའི་འགན་ལེན་གཙོ་གནད་ཁེ་ལས42གཏན་འཁེལ་བྱས་པའི་ནང་གཙོ་གནད་བཟོ་ལས་ཁེ་ལས26དང་། གཙོ་གནད་སྡེབ་ཚོང་ཁེ་ལས8། གཙོ་གནད་ཚོང་དོན་འཁོར་རྒྱུག་ཁེ་ལས2། གཙོ་གནད་ཞིང་ལས་སྣེ་འདྲེན་ཁེ་ལས6བཅས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གྲོང་ཁྱེར་རིམ་པའི་མགོ་ཁྲིད་ལས་བྱེད་པའི་འགན་ལེན་བྱས་པའི་གཙོ་གནད་ཁེ་ལས་ཀྱི་ལས་དོན་གྱིས་གྲོང་ཁྱེར་རིམ་པའི་མགོ་ཁྲིད་གཅིག་གིས་འགན་ལེན་དང་། ལས་དོན་ཆེད་ལས་འཛིན་གྲྭ་གཅིག་གི་རྗེས་སྙེག་པ། གནད་དོན་ཁག་གཅིག་མཐུན་སྦྱོར་ངང་ཐག་གཅོད་བྱེད་པ། ཁེ་ལས་འཕེལ་རྒྱས་སྐས་རིམ་གསར་བ་ཞིག་ཏུ་བསྙེགས་པར་སྐུལ་འདེད་གཏོང་བ་བཅས“གཅིག་ཅན་བཞི”ཡི་འགན་ལེན་བྱེད་སྟངས་གཞིར་བཟུང་ཡོད། གྲོང་ཁྱེར་རིམ་པའི་འགན་ལེན་མགོ་ཁྲིད་ཀྱིས་རང་འགུལ་ངང་སྦྲེལ་མཐུད་དང་སྔོན་ལ་ཞབས་འདེགས་ཞུ་བར་བརྟེན་ནས་རྒྱལ་ཁབ་ཀྱི་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་ཁེ་ལས་སུ་དོན་འཁྱོལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་བསྒྱུར་བ་དང་། ཁེ་ལས་ཀྱི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་བཏང་སྟེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་ལྷུ་ཚིགས་ཁག་ལ་འཕྲད་པའི་འབུར་ཐོན་གྱི་དཀའ་ངལ་དང་གནད་དོན་ནན་ཏན་གྱིས་ཐག་གཅོད་བྱེད་པ། འགན་ལེན་བྱས་པའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བར་མཛུབ་ཁྲིད་བྱེད་རོགས་བྱས་ཏེ་ཧུར་བརྩོན་གྱིས་ཉེན་ཁ་འགོག་ཟོན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།