མགོ་ལོག་ཁུལ་གྱིས“ཟློས་གར་ཁང་དུ་ཏང་གི་སློབ་ཁྲིད་བྱེད་པའི”བྱ་འགུལ་སྤེལ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཚན་ཆུང་དང་མགོ་ལོག་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པ་བཅས་ཀྱིས་མཉམ་དུ་སྒྲུབ་པའི“ཟློས་གར་ཁང་དུ་ཏང་གི་སློབ་ཁྲིད་བྱེད་པའི”བྱ་འགུལ་ཟླ4པའི་ཚེས26ཉིན་མགོ་ལོག་ཁུལ་གེ་སར་ཟློས་གར་ཁང་དུ་བསྡུས།

“ཟློས་གར་ཁང་དུ་ཏང་གི་སློབ་ཁྲིད་བྱེད་པའི”བྱ་འགུལ་སྤེལ་བར་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། གསར་བརྗེའི་གཞི་རྩ་དར་སྤེལ་གཏོང་བ་བརྗོད་དོན་དུ་བཟུང་ནས། བྱ་འགུལ་ཡུལ་དངོས་སུ《གསར་བརྗེའི་དྲན་ཤེས》དང《ཀྲུང་གོའི་མཐོ་ཚད》《གངས་རིའི་མཁའ་ལམ》སོགས་གསར་བརྗེའི་གླུ་དབྱངས་དང་ཞབས་བྲོ་འཁྲབ་སྟོན་བྱས་པ་བརྒྱུད། རྗེས་དྲན་དང་སློབ་སྦྱོང་བྱེད་འོས་པའི་འོད་སྟོང་འབར་བའི་ཏང་གི་ལོ་རྒྱུས་ཕྱིར་དྲན་བྱས་པ་དང་། “ཟློས་གར་ཁང་དུ་ཏང་གི་སློབ་ཁྲིད་བྱེད་པའི”བྱ་འགུལ་ནི་རིག་རྩལ་འཁྲབ་སྟོན་ཁོ་ན་ཞིག་མ་ཡིན་ཏེ། དེ་ནི་མིའི་བསམ་བློར་ཡར་སྐུལ་བྱེད་པའི་བྱ་འགུལ་ཐེངས་ཤིག་ཡིན་པ་མ་ཟད།  ཟློས་གར་འཁྲབ་སྟོན་དང་ཞབས་བྲོ་འཁྲབ་པ་སོགས་སྒྱུ་རྩལ་གྱི་རྣམ་པ་བརྒྱུད་དེ། སྔོན་ཐོན་གྱི་བྱ་གཞག་ལ་བརྟེན་ནས་མི་སེམས་འགུག་པ་དང་། དཔེ་སྟོན་སྟོབས་ཤུགས་ལ་བརྟེན་ནས་མིར་སྐུལ་འདེད་བྱེད་པ་སོགས་ཡུལ་དངོས་ཀྱི་ཏང་ཡོན་ལས་བྱེད་རྣམས་ལ་ངེས་སེམས་ཆེན་པོ་ཐོབ་པ་དང་། ཏང་གི་ཁར་ཉན་པ་དང་ཏང་གི་དྲིན་དྲན་པ། ཏང་གི་རྗེེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྲ་བརྟན་དུ་བཏང་།   ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།