མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་ལས་དོན་སྐུལ་སྤེལ་གྲོས་ཚོགས་བསྡུས།

ཟླ་བཞི་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་ལས་དོན་སྐུལ་སྤེལ་གྲོས་ཚོགས་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་བསྡུས།

གྲོས་ཚོགས་ལས་བསྟན་དོན། ད་ལོ་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་དོ་དམ་བྱ་བ་ཕྱོགས་ལྔའི་ཐད་ནས་དམ་པོར་འཛིན་དགོས་ཏེ། གཞུང་ཞབས་པའི་དཔུང་སྡེ་ཡི་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་སད་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་ཇེ་མཐོར་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། གཞུང་ཞབས་པའི་དཔུང་སྡེ་ཡི་ཆབ་སྲིད་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས། འབྱུང་རྩ་དམ་པོར་འཛིན་པ་དང་གསོ་སྐྱོང་དམ་པོར་འཛིན་པ་རྒྱུ་གཙོ་གནད་དུ་བཟུང་ནས། ཁྱོན་ཡོངས་ནས་གཞུང་ཞབས་པའི་དཔུང་སྡེ་ཡི་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་སྒྲུབ་བྱེད་པ་བཅས་ཀྱི་ནུས་པ་མངོན་སུམ་ཇེ་མཐོར་གཏོང་དགོས། བཅོས་སྒྱུར་རིགས་དབྱེ་གཏིང་ཟབ་དུ་སྤེལ་བ་ལ་བརྟེན་ནས་ཕན་འབྲས་སྲ་བརྟན་མཐོར་འདེགས་གཏོང་རྒྱུ་གཙོ་གནད་དུ་འཛིན་དགོས་ལ། ཤུགས་ཆེན་པོས་གཞུང་ཞབས་པའི་དོ་དམ་ཚན་རིག་ཅན་དང་ཞིབ་ཕྲ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། མི་དམངས་ཀྱི་འདོད་བློ་ཚིམ་པར་བྱེད་རྒྱུ་དང་ཁག་ཁུར་ལ་སྐུལ་འདེད་གཏོང་བ་གཙོ་གནད་དུ་བཟུང་ནས། གཞུང་ཞབས་པའི་འགན་སྒྲུབ་ཁག་ཁུར་དང་བྱས་རྗེས་འཇོག་པར་སྣེ་འདོམས་གང་ལེགས་བྱེད་དགོས། ལག་བསྟར་ནུས་པ་ཇེ་མཐོར་གཏོང་རྒྱུར་འབད་དེ་ཚན་རིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། སྣ་སྒོ་མོ་སོ་སོ་ནས་གཞུང་ཞབས་པའི་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་བར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།