ལིའུ་ཐའོ་ཡིས་མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་བཅོས་སྐྱོང་བྱ་བར་རྟོག་ཞིབ་དང་མཛུབ་ཁྲིད་བྱས།

ལིའུ་ཐའོ་ཡིས་མུ་རིའི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་བཅོས་སྐྱོང་བྱ་བར་རྟོག་ཞིབ་དང་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྔ་གཅིག་ངལ་རྩོལ་དུས་ཆེན་ཀྱི་སྔོན་ལ། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཕྱོགས་ཡོངས་བཅོས་སྐྱོང་དང་རྩྭ་འདེབས་ལྗང་བསྒྱུར་བྱ་བར་རྟོག་ཞིབ་དང་འཛུབ་ཁྲིད་བྱས་པ་དང་། གཏེར་ཁུལ་གྱི་ལས་གནས་སུ་ཡོད་པའི་བྱ་བའི་མི་སྣ་དག་ལ་འཚམས་འདྲི་བྱས། ཁོས་གནམ་གཤིས་ཀྱི་ཤུགས་རྐྱེན་ལ་གདོང་གཏད་ནས་རྩྭ་འདེབས་ལྗང་བསྒྱུར་གྱི་གནད་འགག་གི་དུས་རིམ་དམ་འཛིན་བྱེད་པ་དང་། གཏེར་ཁུལ་གྱི་ལྗང་བསྒྱུར་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས་ཟེར།

ལིའུ་ཐའོ་སྔ་གཞུག་ཏུ་གཏེར་ཁུལ་གྱི་ས་དོང་ཨང་རྟགས་དང་པོ་དང་གཉིས་པ། གསུམ་པ། བཞི་བ། ལྔ་བ་བཅས་སུ་སོང་ནས་ཡུལ་དངོས་ནས་ས་དོང་ཕྱིར་གསབ་པ་དང་ས་ངོས་སྙོམས་པ། ས་གཤིན་བསྐྱར་སྒྲིག་སོགས་ཀྱི་ཕྱོགས་ཡོངས་བཅོས་སྐྱོང་ལེགས་འགྲུབ་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས། རྩྭ་འབྲུ་གསོག་འཇོག་དང་སྐྱེ་ལྡན་ལུད། འཁེལ་མེད་རས་སོགས་དངོས་རྫས་ཉོ་སྒྲུབ་དང་གཏོང་འདྲེན་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གཏེར་ཁུལ་གྱི་རྩྭ་འདེབས་ལྗང་བསྒྱུར་གྱི་གྲ་སྒྲིག་གི་གནས་ཚུལ་སྙན་ཞུ་ལ་ཉན་ནས་རིམ་པ་རྗེས་མའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས།

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན། མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་ཕྱོགས་ཀྱི་མཚོ་སྔོན་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་བཅོས་སྐྱོང་བྱེད་པ་ནི་སྐྱེ་ཁམས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན་ལ། ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཀྱང་ཡིན། ས་གནས་སོ་སོའི་སྡེ་ཁག་སོ་སོ་དང་འབྲེལ་ཡོད་བཅོས་སྐྱོང་ཁེ་ལས་ཀྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། དངོས་རྫས་ཉོ་སྒྲུབ་དང་གཏོང་འདྲེན་བྱ་བ་ཇེ་མགྱོགས་སུ་གཏོང་བ་དང་དངོས་རྫས་རྟོག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ་ཚན་རིག་དང་ལྡན་པའི་སྒོ་ནས་རྩྭ་འབྲུ་འདེབས་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་བརྟན་པོ་འཛིན་པ་དང་ཡུལ་དངོས་སུ་ལས་ཀ་སྒྲུབ་པའི་བདེ་འཇགས་བྱ་བར་དོ་དམ་ཡག་པོ་བྱེད་དགོས་ལ། ལས་བཟོ་བའི་གཟུགས་གཞི་བདེ་ཐང་ལ་ཁག་ཐེག་བྱེད་དགོས་ཟེར།


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།