ཞིན་ཁྲང་ཞིང་གིས་ལྔ་གཅིག་དུས་ཆེན་སྐབས་ཀྱི་རིམས་ནད་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་འཕྲལ་བསྟུན་རེས་སྲུང་བྱེད་པའི་བྱ་བར་རྟོག་ཞིབ་བྱས།

ཞིན་ཁྲང་ཞིང་གིས་ལྔ་གཅིག་དུས་ཆེན་སྐབས་ཀྱི་རིམས་ནད་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་འཕྲལ་བསྟུན་རེས་སྲུང་བྱེད་པའི་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་ལྔ་པའི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ལྔ་གཅིག་དུས་ཆེན་སྐབས་ཀྱི་རིམས་ནད་སྔོན་འགོག་དང་བདེ་འཇགས་ཐོན་སྐྱེད་འཕྲལ་བསྟུན་རེས་སྲུང་བྱེད་པའི་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བ་དང་། ཚད་མཐོའི་བསམ་བློ་བརྟན་སྲུང་བྱེད་པ། འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། ལྔ་གཅིག་དུས་ཆེན་སྐབས་ཀྱི་འཕྲལ་བསྟུན་རེས་སྲུང་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག། བདེ་འཇགས་ཐོན་སྐྱེད་སོགས་བྱ་བ་བཟང་བོར་བསྒྲུབ་པ། ཉེན་ཁ་འགོག་སྲུང་དང་བདེ་འཇགས་འགན་སྲུང་། གཏན་འཇགས་ལ་སྲུང་སྐྱོབ་བྱས་ནས། དུས་ཆེན་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་བདེ་འཇགས་གཏན་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་སྤྱིའི་ལས་རེས་ཁང་དུ་སོང་ནས་ལས་རེས་མི་སྣར་འཚམས་འདྲི་བྱས་པ་དང་། དུས་ཆེན་སྐབས་ཀྱི་འཕྲལ་བསྟུན་ལས་རེས་བྱ་བའི་གནས་ཚུལ་ལ་ཉན་ལ། དུས་ངེས་མེད་དུ་ཁུལ་དང་རྫོང་རིམ་པའི་སྲིད་གཞུང་དང་ཞིང་ཆེན་ཐད་གཏོགས་སྡེ་ཁག་གི་དུས་ཆེན་སྐབས་ཀྱི་འཕྲལ་བསྟུན་ལས་རེས་གནས་ཚུལ་ལ་འཐེན་ཞིབ་བྱས། ཁོས་བསྟན་དོན། འཕྲལ་བསྟུན་ལས་རེས་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་སྲིད་བཀའ་ལག་བསྟར་ལ་ཁག་ཐེག་བྱེད་པ་དང་ཆ་འཕྲིན་དུས་ཐོག་ཏུ་ཡར་ཞུ་བྱེད་པ། གློ་བུར་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བ། སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར། ལས་རེས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ལས་རེས་འགན་འཁྲི་ལག་བསྟར་བྱེད་པ། ལས་རེས་ལམ་ལུགས་གཟབ་ནན་དུ་གཏོང་བ། ལས་རེས་སྒྲིག་ལམ་ཇེ་དམ་དུ་གཏོང་བ། འཐེན་ཞིབ་ཞིབ་བཤེར་ལ་ཤུགས་སྣོན་པ། གཙོ་བོར་གནས་སྐོར་ལྗོངས་རྒྱུ་ཁུལ་དང་བགྲོད་ལམ་འགྲིམ་འགྲུལ། རང་བྱུང་གནོད་འཚེ་སོགས་ཀྱི་ལྟ་ཞིབ་སྔོན་བརྡ་ལ་ཤུགས་བསྣན་ནས། གནས་ཚུལ་དུས་ལྟར་ཡར་ཞུ་བྱེད་པ་དང་དུས་ཐོག་ཏུ་ཐག་གཅོད་པ་དང་། དུས་ཆེན་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།

ཟི་ལིང་ཚའོ་ཅཱ་པུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ། ཞིན་ཁྲང་ཞིང་སྔ་གཞུག་ཏུ་མཁའ་འགྲུལ་ས་ཚིགས་ཐོག་ཁང་གི་འཇུག་སྒོ་དང་བདེ་འཇགས་བརྟག་བཤེར་ཁུལ། འཁོར་སྐྱོད་དོ་དམ་ལྟེ་གནས། མེ་འགོག་མེ་གསོད་འགན་སྲུང་ཁུལ་བཅས་ལ་སོང་ནས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་གནམ་གྲུའི་ལན་གྲངས་འགན་སྲུང་བྱ་བར་ཞིབ་བཤེར་བྱས་པ་དང་། ཡུལ་དངོས་ནས་མེ་འགོག་མེ་གསོད་སྒྲིག་ཆས་དང་བདེ་འཇགས་འགན་སྲུང་བྱ་བའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ད་ལོའི་ལྔ་གཅིག་དུས་ཆེན་སྐབས་སུ་ཕྱིར་བགྲོད་འགྲུལ་བ་ཇེ་མང་དུ་སོང་ནས། གནམ་གྲུ་ཐང་གི་རིམས་ནད་སྔོན་འགོག་དང་བདེ་འཇགས་འགན་སྲུང་བྱ་བའི་ཐད་གནོན་ཤུགས་ཁྱེར་ཡོང་བས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ནམ་ཡང་གོ་གནས་དང་པོར་འཇོག་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་བྱ་བར་དམ་འཛིན་བྱེད་དགོས། ཆ་འཕྲིན་བསྡུ་རུབ་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་ཁ་གཏད་འཇལ་ནས། གནམ་གྲུ་ཐང་གི་འཁོར་སྐྱོད་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་ཟེར།

ཞིང་ཆེན་སྤྱི་བདེ་ཐིན་བཀོད་འདོམས་ལྟེ་གནས་སུ། ཞིན་ཁྲང་ཞིང་གིས་འཕྲལ་བསྟུན་ལས་རེས་དང་བཀོད་འདོམས་བཀོད་གཏོང་གནས་ཚུལ་ལ་ཉན་པ་དང་། བརྙན་རིས་བརྒྱུད་དེ་ལམ་མཚམས་གཙོ་བོ་དང་ཡུལ་གནས་གཙོ་བོའི་སྤྱི་ཚོགས་བདེ་སྐྱོང་དང་འགྲིམ་འགྲུལ་བདེ་འཇགས། ལས་རེས་གནས་ཚུལ་ལ་ཞིབ་བཤེར་བྱས་ལ། ལས་རེས་ཡུལ་དངོས་ཀྱི་འགྲིམ་འགྲུལ་ཉེན་རྟོག་པར་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོ་ཡིན་ལ། ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡང་ཡིན་པས། བདེ་འཇགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་ཆེན་པོ་ལྡན་པ་དང་། ཚད་མཐའི་བསམ་བློ་བརྟན་སྲུང་བྱེད་པ་དང་ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྟབས་ལེགས་ཀྱི་བསམ་བློ་དང་ལྷོད་གཡེང་གི་བསམ་བློ་ཁྱད་སེལ་བྱེད་པ། ཆ་འཕྲིན་བསྡུ་རུབ་ཞིབ་གཅོད་ལ་ཤུགས་སྣོན་པ། ཉེན་ཁ་འགོག་སྲུང་དང་བདེ་འཇགས་འགན་སྲུང་། གཏན་འཇགས་སྲུང་སྐྱོབ་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་པ། ཆག་སྒོ་འབྱུང་བར་སྔོན་འགོག་བྱས་ཏེ། ཧུར་ཐག་གིས་བདེ་འཇགས་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་ཟེར།

ཚེ་རིང་ཐར་དང་ལིས་ཧུང་ཡ་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།