ཚེ་རིང་ཐར་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་སའི་སྟེང་འབྲུ་རིགས་མི་འདེབས་པར་གཞན་དུ་བཀོལ་སྤྱོད་བྱེད་པར་སྔོན་འགོག་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།

ཚེ་རིང་ཐར་གྱིས་ཞིང་ཆེན་ཡོངས་ཀྱི་ཞིང་སའི་སྟེང་འབྲུ་རིགས་མི་འདེབས་པར་གཞན་དུ་བཀོལ་སྤྱོད་བྱེད་པར་སྔོན་འགོག་བྱེད་པའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས།


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་ཡོངས་ཀྱི་ཞིང་སའི་སྟེང་འབྲུ་རིགས་མི་འདེབས་པར་གཞན་དུ་བཀོལ་སྤྱོད་བྱེད་པར་སྔོན་འགོག་བྱེད་པའི་སྐུལ་སྤེལ་གྲོས་ཚོགས་བསྡུས་པ་དང་། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ཞིང་སའི་སྟེང་འབྲུ་རིགས་མི་འདེབས་པར་གཞན་དུ་བཀོལ་སྤྱོད་བྱེད་པར་སྔོན་འགོག་བྱེད་པའི་ལས་དོན་བརྟན་འཇགས་སུ་གཏོང་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་བྱ་བ་སྤྱི་དང་འབྲེལ་བ་དམ་ཟབ་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དགོངས་དོན་དངོས་འབེབས་རྦད་ཆོད་བྱས་ཏེ། ཞིང་སའི་སྟེང་འབྲུ་རིགས་མི་འདེབས་པར་གཞན་དུ་བཀོལ་སྤྱོད་པར་སྔོན་འགོག་བྱེད་པ་དང་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་སུ་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཏུ་བརྩི་དགོས་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལྟར་དུ། ཞིང་སའི་ཉེན་མཚམས་བརྟན་སྲུང་དང་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པའི་སྒོ་ནས་ཞིང་སའི་ཐོན་ཁུངས་བེད་སྤྱོད་བྱེད་པ། ཞིང་སའི་བེད་སྤྱོད་གོ་རིམ་མངོན་སུམ་ཅན་དུ་གཏོང་བ། ཐང་རྒོད་བཅོས་སྒྲིག་བྱ་བར་ཤུགས་སྣོན་པ། ཁྲིམས་འགལ་ངང་ཞིང་ས་བདག་འཛིན་བྱེད་པའི་བྱ་བར་རྡུང་རྡེག་ཚ་ནན་གཏོང་བ། ཞིང་སའི་སྟེང་འབྲུ་རིགས་མི་འདེབས་པའི་འགལ་བ་སྙོམ་སྒྲིག་བྱེད་པ། ཞིང་སའི་སྟེང་འབྲུ་རིགས་མི་འདེབས་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་བ། ཞིང་སར་སྲུང་སྐྱོབ་ནུས་ལྡན་བྱེད་པ་བཅས་ལ་འབད་དེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་བྱ་བའི་འོས་འགན་ཕྲག་སྟེང་དུ་ལེན་དགོས་ཟེར།


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།