མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་ཀྱིས་ལྔ་གཅིག་གཟེངས་རྟགས་གཞི་རིམ་ཏུ་བསྐྱལ་བའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་བཅས་སོ་སོར་གཞི་རིམ་དུ་སོང་ནས། འབྲེལ་ཡོད་ལས་ཁུངས་དང་མི་སྒེར་ལ་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དང་དཔང་ཡིག རྒྱལ་ཡོངས་ལས་བཟོ་བ་སྔོན་ཐོན་གྱི་མཚན་སྙན་ཐོབ་པའི་དཔང་ཡིག་བཅས་གཞི་རིམ་ཏུ་བསྐྱལ་ནས། ལས་གནས་བརྟན་སྲུང་བྱས་ཡོད་པའི་ལས་བཟོ་བར་འཚམས་འདྲི་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལས་བཟོ་བ་རྣམས་ལ་གུས་འདུད་བླ་མེད་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ངལ་རྩོལ་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་བྱས།

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྤྱིའི་ས་ཚིགས་ཏེ་རྒྱལ་ཡོངས་ཀྱི་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་གཞུང་སྒྲུབ་ཁང་དུ། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་མཁན་ལོ་ཙུན་ཧེ་ལ་བྱ་བའི་གནས་ཚུལ་དང་མཚོ་སྔོན་གྱི་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གནས་ཚུལ་དྲིས་ཏེ་རྒྱུས་ལོན་བྱས་པར་མ་ཟད། ཁོར་བྱ་དགའི་གཟེངས་རྟགས་བྱིན། ཞིན་ཁྲང་ཞིང་གིས་བཤད་རྒྱུར། རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་གནང་བའི་གཟེངས་བསྟོད་ཆེན་པོ་ཡིན་ལ། བྱ་དགའ་བསྩལ་བ་དེས་ཏང་དང་རྒྱལ་ཁབ་ཀྱི་བརྩེ་བ་མཚོན། རེ་བ་ཡིན་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དངོས་འབེབས་དོན་འཁྱོལ་བྱས་ནས། ངལ་རྩོལ་དཔེ་ལེགས་པའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་བཅས་དར་སྤེལ་ཆེན་པོ་བྱས་ཏེ། བསྩལ་བའི་གཟི་བརྗིད་ལ་གཅེས་སྤྲས་དང་མུ་མཐུད་དུ་འབད་པ་ལྷུར་ལེན་པ། རང་ཉིད་ཀྱི་ལས་རྐང་དངོས་ནས་རྐང་ཚུགས་པར་བྱེད་པ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་རྩྭ་ས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། དེའི་རྗེས་ཞིན་ཁྲང་ཞིང་གིས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣར་བྱ་དགའ་བྱིན་རྗེས་བཤད་རྒྱུར། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་ལྟ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་ལག་བསྟར་བྱེད་པའི་ལག་ལེན་ཞིབ་ཕྲ་ཡིན་པས། ཐེངས་འདིར་གཟི་བརྗིད་མཚན་སྙན་ཐོབ་པ་གོ་སྐབས་སུ་བཟུང་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ནན་ཏན་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དངོས་འབེབས་མཐར་ཕྱིན་བྱས་ཏེ། ངལ་རྩོལ་བླ་ན་མེད་པ་དང་ངལ་རྩོལ་གཟི་བརྗིད་ལྡན་པ། ངལ་རྩོལ་རླབས་ཆེ་བ། ངལ་རྩོལ་ཆེས་མཛེས་པ་བཅས་ཀྱི་སྤྱི་ཚོགས་སྲོལ་བཟང་བསྐྲུན་གང་ཐུབ་བྱས་ནས། ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་ངང་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་ལུགས་ཚོད་ལྟའི་འོས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་གོང་གསལ་བྱ་འགུལ་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།