མཚོ་ནུབ་ཁུལ་གྱིས་ཁྲིམས་མཐུན་མིན་པའི་སྤྱི་ཚོགས་རྩ་འཛུགས་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་ཁུལ་གྱིས་ཁྲིམས་མཐུན་མིན་པའི་སྤྱི་ཚོགས་རྩ་འཛུགས་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་ལ་ཁྱོན་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། སྤྱི་ཚོགས་རྩ་འཛུགས་ཁོངས་གཏོགས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་རྒྱུ་དོན་འཁྱོལ་བྱེད་ཆེད། ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན། མཚོ་ནུབ་ཁུལ་གྱིས་ཁྲིམས་མཐུན་མིན་པའི་སྤྱི་ཚོགས་རྩ་འཛུགས་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་ཚོགས་འདུ་བསྡུས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱས་ཏེ་ཆེད་དོན་འགུལ་སྐྱོད་སྤེལ་བའི་དོན་སྙིང་གལ་ཆེན་མངོན་པར་བྱེད་དགོས། རྩ་འཛུགས་ནུས་པ་དང་ཁྱབ་བསྒྲགས་ཁྲིད་སྟོན་ལ་ཤུགས་བསྣན་ནས་ཏན་ཏན་ཏིག་ཏིག་གིས་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས་ལ། དེ་དང་མཉམ་དུ་ཡུན་རིང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཆེད་དོན་འགུལ་སྐྱོད་དུས་ཚོད་ལྟར་སྤུས་ཚད་མཐོན་པོས་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན།  ཐེངས་འདིར་མཚོ་ནུབ་ཁུལ་གྱིས་ཁྲིམས་མཐུན་མིན་པའི་སྤྱི་ཚོགས་རྩ་འཛུགས་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་ཀྱིས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་བཟུང་ནས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་དགོས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ཁྲིམས་སྐྱོང་འགན་སྲུང་ལེགས་བསྒྱུར་བྱེད་པ། ཁྱབ་བསྒྲགས་ཁྲིད་སྟོན་ལེགས་པོར་སྒྲུབ་པ། ཡུན་རིང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཀྱི་རྣམ་པར་བརྟེན་ནས། འགུལ་སྐྱོད་མྱུར་མོར་སྤེལ་བ་དང་ནུས་པ་ཐོན་པར་བྱས་ཏེ། མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས། རྒྱབ་ཁབ་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ཡིན་པ། སྤྱི་ཚོགས་རྩ་འཛུགས་ཀྱི་འཕེལ་རྒྱས་ཁོར་ཡུག་གཙང་སེལ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།