རྒྱལ་ཁབ་སྒོ་འབྱེད་སློབ་ཆེན“1+7”སློབ་གསོའི་རོགས་སྐྱོར་ལས་དོན་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས28ཉིན།  རྒྱལ་ཁབ་སྒོ་འབྱེད་སློབ་ཆེན་གྱི“1+7”སློབ་གསོའི་རོགས་སྐྱོར་ལས་དོན་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་།  རྒྱལ་ཁབ་སྒོ་འབྱེད་སློབ་ཆེན་གྱིས་པེ་ཅིང་དང་།  ཧྲང་ཧའེ།  ཐེན་ཅིན།  ཅང་སུའུ།  ཀྲེ་ཅང་།  ཧྲན་ཏུང་།  ཝུའུ་ཤིས་བཅས་སྒོ་འབྱེད་སློབ་ཆེན7དང་ལག་བརྡང་སྦྲེལ་ཏེ་མཚོ་སྔོན་སྒོ་འབྱེད་སློབ་ཆེན་དང་དེ་བཞིན་ཁུལ་དྲུག་དང་མཚོ་ཤར་རྒྱང་སྒྲོག་བརྙན་འཕྲིན་སློབ་ཆེན་བཅས་ལ“1+7”སློབ་གསོའི་རོགས་སྐྱོར་གྲོས་མཐུན་གྱི་མིང་རྟགས་བཀོད།

རྒྱལ་ཁབ་སྒོ་འབྱེད་སློབ་ཆེན“1+7”སློབ་གསོའི་རོགས་སྐྱོར་ལས་དོན་ཚོགས་འདུ་སྤེལ་ཏེ།  “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སློབ་གསོའི་རོགས་སྐྱོར་སྒྲོམ་གཞིའི་གྲོས་མཐུན་དང་ལོ་འཁོར་གྱི་ལས་དོན་འཆར་གཞི་ལ་མིང་རྟགས་བཀོད་ནས།  རྒྱལ་ཁབ་སྒོ་འབྱེད་སློབ་ཆེན་དང་ཞིང་ཆེན་དང་གྲོང་ཁྱེར7གྱི་སྒོ་འབྱེད་སློབ་ཆེན་དང་མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་ནུབ་ཕྱོགས་ཀྱི་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་ས་གནས་གཏན་འཁེལ་བྱས་པའི་རོགས་སྐྱོར་ལས་དོན་གལ་ཆེན་གྱི་དགོངས་པའི་སྙིང་སྟོབས་ཀྱི་བྱེ་བྲག་གི་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  སློབ་གསོ་པུའུ་ཡིས་མཚོ་སྔོན་གྱི་སློབ་གསོའི་རོགས་སྐྱོར་ལས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་འགུལ་དངོས་ཡིན།  

ཚོགས་འདུའི་སྟེང་།  རྒྱལ་ཁབ་སྒོ་འབྱེད་སློབ་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་འོས་འགན་སློབ་གསོ་རིམ་པའི་སློབ་མ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་མི་རིགས་རིག་གནས་ལས་རིགས་གསོ་སྦྱོང་སློབ་གྲྭ་རུ་དཔེ་ཆ་སྣ40དང་སྤྱིའི་དེབ་གྲངས22939།  སྤྱིའི་ཨང་རྟགས་སྒོར་ཁྲི100བཅས་ཀྱི་སྒྱུ་རྩལ་རིགས་ཀྱི་དཔེ་དེབ་ཞལ་འདེབས་སུ་ཕུལ་བ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།