མཚོ་སྔོན་ཞིང་ཆེན་གྱིས་ནག་གཤེད་དང་འབྲེལ་བའི་རྒྱུ་ནོར་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས28ཉིན། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་མི་དམངས་ཁྲིམས་ཁང་གིས་ནག་གཤེད་དང་འབྲེལ་བའི་གྱོད་གཞི་སྐྱིན་ཚབ་སྤྲོད་པའི་ཚོགས་ཆེན་འཚོགས་ཏེ། གནོད་འཚེ་ཕོག་མཁན14ལ་གཅིག་སྡུས་ཐོག་སྐྱིན་ཚབ་འཇལ་བའི་གྱོད་གཞི་སྒོར1623336སྤྲད། ཐེངས་འདིའི་འཛིན་སྤྲོད་དངུལ་ལེན་ཚོགས་ཆེན་ཐོག་གཅིག་སྡུས་སྤྲད་པའི་དངུལ་དེ་ཁྲིན་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོ་ཀྲུའུ་སོགས་མི་ངན8ཀྱི་ཚོགས་པའི་ཉེས་གསོག་གྱོད་གཞི་དང་། ཏིང་ཆེ་གེ་མོ་དང་སུན་ཆེ་གེ་མོ་སོགས་མི་ངན11གི་ཚོགས་པའི་ཉེས་གསོག་གྱོད་གཞིའི་སྐྱིན་ཚབ་འཇལ་དངུལ་ཡིན། 

ད་ལོ་ནས་བཟུང་། ཟི་ལིང་གྲོང་ཁྱེར་གྱི་མཁར་དབུལ་ཁུལ་མི་དམངས་ཁྲིམས་ཁང་གིས་གོང་རིམ་ཁྲིམས་ཁང་གི་བཀོད་སྒྲིག་གཞིར་བཟུང་། “རྒྱུ་དངུལ་གཙང་སེལ་དང་ངན་རིགས་གཙང་འདོན། གྱོད་གཞི་གཙང་སེལ། ནག་ནོར་གཙང་སེལ”བཅས་ཀྱི་བླང་བྱར་དམ་པོར་དམིགས་ནས་སྟོབས་ཤུགས་ཧྲག་བསྡུས་ཀྱིས་ནག་གཤེད་དང་འབྲེལ་བའི་གྱོད་གཞི་ལག་བསྟར་ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུགས་ཏེ། ནག་གཤེད་དང་འབྲེལ་བའི་གྱོད་གཞི་ལག་བསྟར་བྱ་ཡུལ་གྱི་རྒྱུ་ནོར་གནས་ཚུལ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས་ཤིང་ཁྲིམས་ལྟར་འདྲི་རྩད་དང་སྒོ་ཐེལ་རྒྱག་པ། བཀག་ཉར་བྱེད་པ། བསྡམས་བཅད་སོགས་ཀྱི་བྱ་ཐབས་སྤྱད་དེ་དངུལ་ཆད་དང་གཞུང་བཞེས། ཆད་གཅོད་སོགས་ཀྱིས་ཐག་གཅོད་དོན་འཁྱོལ་བྱས། ཆེད་དོན་འཛིན་གྲྭའི་ལས་བྱེད་ཉེན་རྟོག་པ་ཅང་སུའུ་དང་། ཧོ་ནན། ཧུའུ་པེ། ཧྲའན་ཤིས། ཀན་སུའུ་སོགས་སུ་ལམ་ཐག་སྤྱི་ལེ་སྟོང་ཕྲག་ལྷག་བསྐྱོད་དེ་གྱོད་འབྲེལ་ལག་བསྟར་བྱ་ཡུལ་ཚང་མ་ཚོད་འཛིན་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་བའི་ཁྱིམ་དུ་བསྐྱོད་ནས་ཁོང་ཚོའི་ནང་མིར་བསམ་བློ་བརྗེ་རེས་བྱས་ཏེ་ནང་མིས་སྐྱིན་ཚབ་འཇལ་དངུལ་སྤྲོད་པར་སྐུལ་མ་བཏང་བས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁེ་ཕན་ལ་ཚད་མཐོའི་སྲུང་སྐྱོང་ཐུབ་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར། ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་མི་དམངས་ཁྲིམས་ཁང་གིས་ནག་གཤེད་དང་འབྲེལ་བའི་ལག་བསྟར་གོ་རིམ་ནང་ཚུད་པའི་རྒྱུ་ནོར་ཉེས་དོན་གྱོད་གཞི་ཁག8ནང་གི་གྱོད་གཞི3ལག་བསྟར་བྱས་པ་དང་། དངུལ་ཆད་སྒོར་ཁྲི544.92ལག་བསྟར་བྱས། ཁྲིམས་འགལ་ཐོབ་ཆ་སྒོར་ཁྲི214.75བདའ་འདེད་བཏང་ལ། མི་སྒེར་གྱི་རྒྱུ་ནོར་སྒོར་ཁྲི107.33གཞུང་བཞེས་བཏང་། ནག་གཤེད་ཉེས་གསོག་གི་དཔལ་འབྱོར་རྨང་གཞི་ནུས་ལྡན་ངང་གཏོར་ཏེ་བཅའ་ཁྲིམས་ཀྱི་དབང་གྲགས་མངོན་ཞིང་། ནག་གཤེད་ཀྱི་ཟིལ་ཤུགས་མནན། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།