མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ། གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་ཡུས་ཡན་གྱིས་མགོ་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡུས་ཚུང་ལི་ཡིས་ཀྲུང་དབྱང་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས། 

ཝུའུ་ཞའོ་ཅོན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོམགོ་བརྩམས་པའི་རིང་ལ། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ངེས་ཤེས་དང་རྩ་འཛུགས་ལ་ནུས་ཤུགས་ཡོད་པ། གཙོ་གནད་འབུར་ཐོན་དང་། ཁྱད་ཆོས་གསལ་བོ། དྲིལ་སྒྲོག་དང་མཁའ་དབུགས་ཆགས་པར་བྱས་ནས། སློབ་སྦྱོང་སློབ་གསོ་བདེ་བླག་ངང་མགོ་རྩོམ་པ་དང་ཕན་འབྲས་མངོན་གསལ་ཡིན་པ།གནས་བབ་ལེགས་པོ་ཡོད་པར་བྱེད་དགོས། ཁོས་ནན་གྱིས་བསྟན་དོན། “སྤྱིའི་བླང་བྱ་དེ་ལག་ལེན་དང་ཞིབ་བཤེར་བར་དམ་དུ་འབྲེལ་ཏེ”དམིགས་འབེན་ཁ་ཕྱོགས་དང་གནད་དོན་ཁ་ཕྱོགས་གཅིག་གྱུར་བྱས་ཏེ།  གཙོ་གནད་དམ་འཛིན་དང་། དུས་ཚོད་ཁོང་དུ་ཆུད་པར་བྱས་ནས། ཁྱད་ཆོས་གསར་སྐྲུན་ཐད་ཤུགས་བསྣོན་པ་དང་། འབུར་ཐོན་མངོན་གསལ་དང་། མཚོ་སྔོན་གྱི་འཕེལ་རྒྱས་བརྒྱུད་སྒྲོག  མཚོ་སྔོན་གྱི་སྣང་བརྙན་མངོན་པའི་ཐད་ཤུགས་བསྣོན་དགོས། ཏང་ཡོན་ལས་བྱེད་པས་གོ་བདེ་ཞིང་དང་ཡིད་ལ་འཛིན་སླ་བ། སློབ་སྦྱོང་བཟང་བོ་བྱེད་པའི་ཐད་ཤུགས་བསྣོན་པ་དང་། སློབ་སྦྱོང་སློབ་གསོ་དང་བྱ་བ་སྐུལ་འདེད་གཉིས་ཟུང་འབྲེལ་བྱེད་པའི་ཐད་ཤུགས་བསྣན་ནས། མུ་མཐུད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཞི་ཅིན་ཕིང་གི《ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་གླེང་བ》དེ་སློབ་སྦྱོང་སློབ་གསོའི“རྩ་གནད”དུ་བྱས་ཏེ། ཏང་གི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པའི་བསམ་བློའི་རང་འགུལ་དང་ཆབ་སྲིད་ཀྱི་རང་འགུལ། བྱེད་སྟངས་རང་འགུལ་བཅས་མཐོར་འདེགས་སུ་གཏོང་དགོས། རང་ཞིང་གི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་དང་། “དུས་ཆེན་ཁྲོད་ཀྱི་ཏང་གི་ལོ་རྒྱུས་སློབ་གསོ”སྤེལ་ནས། གསར་བརྗེའི་གཞི་རྒྱུད་རྒྱུན་འཛིན་དང་། གུང་ཁྲན་ཏང་མིའི་བསམ་བློའི་ཁྲག་རྒྱུན་རྒྱུན་བསྐྱོངས་དགོས། “ནམ་ཡང་ཏང་གི་རྗེས་སུ་འབྲངས”པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་ཏེ། “ཏང་གི་དགྱེས་འཛོམས”གསར་སྐྲུན་བྱེད་པ་དང་། མི་དམངས་ཀྱི་དུས་ཆེན”གྱི་མཁའ་དབུགས་ཡག་པོ་གསར་སྐྲུན་བྱེད་དགོས།  མཐའ་གཅིག་ཏུ་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། སློབ་སྦྱོང་སློབ་གསོ་བྱ་བ་ལེགས་པོར་སྤེལ་བ་དང་། མང་ཚོགས་ཀྱི་དོན་དངོས་སྒྲུབ་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་དགོས་ཞེས་བསྟན། 

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའམ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)མི་དམངས་ཚོགས་པ་སོ་སོའི་ཏང་ཙུའུ། ཞིང་ཆེན་དོ་དམ་ཁེ་ལས་དང་། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭའི་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱངོ་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་འགན་ཁུར་བློ་མཐུན། ཞིང་ཆེན་ཏང་ཨུའི་སྐོར་བསྐྱོད་མཛུབ་སྟོན་ཚན་ཆུང་གི་འགན་ཁུར་བློ་མཐུན་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ། ལས་ཁུངས་སོ་སོས་ཚོགས་ཆེན་སྟེང་གཏམ་བཤད་པ་དང་ཡིག་ངོས་ནས་བསམ་བློ་བརྗེ་རེས་བྱས། གྲོས་ཚོགས་ལ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་སོ་སོས་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།