མཚོ་སྔོན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ“ལྔ་གཅིག”གུང་གསེང་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་བསྡུས་པའི་འབྲེལ་ཡོད་ལས་ཁུངས་ཀྱི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་གནས་བབ་དབྱེ་ཞིབ་ཚོགས་འདུའི་སྟེང་། ད་ལོའི“ལྔ་གཅིག”སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་དང་གཞུང་ལམ་གྱི་གནས་ཚུལ། རླངས་འཁོར་འགྲོ་འོང་ཆེ་བའི་དུས་སྐབས་སུ་འབྱུང་སླ་བའི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་ཉེན་ཁར་དབྱེ་ཞིབ་བྱས་པ་མ་ཟད། བྱ་བའི་བྱེད་ཐབས་བཏོན། 

གྲོས་ཚོགས་ལས་ད་ལོའི“ལྔ་གཅིག”གུང་གསེང་སྐབས་སུ་ཞིང་ཆེན་ཡོངས་ཀྱི་རིམས་འགོག་ཚོད་འཛིན་གྱི་གནས་བབ་ལེགས་པ་དང་། མྱུར་བསྐྱོད་གཞུང་ལམ་རིན་མི་དགོས་པར་བསྐྱོད་ཆོག་པ། དེའི་ཐོག་གནམ་གཤེས་ཇེ་བཟང་དུ་སོང་ཡོད་པ་སོགས་རྐྱེན་གྱིས་རང་ཉིད་ཀྱི་རླངས་འཁོར་སྐོར་ནས་གནས་སྐོར་བྱེད་པ་དང་ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་གནས་སྐོར་བྱེད་དུ་ཡོང་བའི་གནས་སྐོར་བ་ཇེ་མང་དུ་འགྲོ་ངེས། ད་དུང་འབྲོག་ཁུལ་དུ་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སྐབས་དང་འཕྲད་ཡོད་པས། “ལྔ་གཅིག”གུང་གསེང་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་གནོན་ཤུགས་ཅུང་ཆེ་ལ། འགྲིམ་འགྲུལ་ཐད་ཀྱི་ཉེན་ཁ་ཡང་ཆེ་བར་བསྟན།

གྲོས་ཚོགས་སྟེང་། ཁོངས་མི་ལས་ཁུངས་སོ་སོས་ཕན་ཚུན་བར་མཐུན་སྦྱོར་མཉམ་ལས་ཐད་ཤུགས་བསྣན་ནས། གཞུང་ལམ་དང་འགྲིམ་འགྲུལ་ཉེན་རྟོག་པ། ཁེ་ལས་བར་གྱི་མཉམ་ལས་ལམ་ལུགས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ་དང་། སྡེ་ཁག་བར་གྱི་མཉམ་སྐྱོད་མཉམ་བཅོས་ཐད་ཤུགས་བསྣན་ནས་ལྡོག་རྩ་གཅིག་སྒྲིལ་གྱིས་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།