ཝུའུ་ཞའོ་ཅུན་གྱིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་། གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རིག་དངོས་བྱ་བའི་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ཏེ། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་བཟང་བོ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དམ་འཛིན་དང་། ལོ་རྒྱུས་ལ་བསྐྱར་སྦྱོང་དང་། གསར་རྙིང་བསྡུར་བའི་ཁྲོད་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་། སྲོལ་རྒྱུན་དང་སྤྱོད་བཟང་ཁྲོད་བློ་སྤོབས་དར་སྤེལ་བྱས་ནས། དུས་རབས་གསར་བར་བསྐྱོད་པ་དང་། མདུན་བསྐྱོད་ཀྱི་ལམ་བུའི་སྟེང་སྤོབས་པས་བསྐྱོད་དགོས་ཞེས་བསྟན། 

ཧེ་ཡན་རྫོང་ནི“སྲུང་སྐར་གཅིག་དང་འཕུར་མདེལ་གཉིས”ཀྱི་སྙིང་སྟོབས་བྱུང་ས་ཡིན་པ་མ་ཟད། ཀ་པུའུ་ལུང་སྙིང་སྟོབས་ཀྱི་འབྱུང་ས་ཡང་ཡིན། ཝུའུ་ཞའོ་ཅུན“སྲུང་སྐར་གཅིག་དང་འཕུར་མདེལ་གཉིས”ཀྱི་ཕུགས་འདུན་སློབ་གསོ་སློབ་གླིང་དང་། 221རྟེན་གཞི་རྙིང་བའི་སྲུང་སྐྱོབ་ཡུལ་དངོས། ཀ་པུའུ་ལུང་དུས་རབས་དཔེ་ལེགས་རྗེས་དྲན་ཁང་། ཝང་ལའོ་པིན་རོལ་མོའི་སྒྱུ་རྩལ་རྗེས་དྲན་ཁང་བཅས་སུ་སོང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། མཚོ་བྱང་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་གཅིག་འདུས་ཡིན་པའི་ཐུན་མིན་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས“སློབ་ཁྲིད་གཉིས་པ”བཙུགས་ནས། རྗེས་ཤུལ་རྙིང་བ་དེ་ཏང་གི་ལོ་རྒྱུས་ཀྱི“སློབ་ཁང”དུ་འགྱུར་བར་བྱེད་པ་དང་། རིག་དངོས་ལོ་རྒྱུས་རྒྱུ་ཆ་དེ་ཏང་གི་ལོ་རྒྱུས་ཀྱི“བསླབ་དེབ”ཏུ་འགྱུར་བར་བྱེད་པ། སྔོན་གཤེགས་དཔའ་བོའི་དཔེ་ལེགས་དེ་ཏང་གི་ལོ་རྒྱུས་ཀྱི“དགེ་རྒན”དུ་འགྱུར་བར་བྱས་ཏེ། གསར་བརྗེའི་ཐོན་ཁུངས་དང་གསར་བརྗེའི་མི་སྣ་གསལ་རྗེན་དུ་མངོན་པར་བྱེད་དགོས་ཤིང་། གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་། གསར་བརྗེའི་རྟེན་གཞི་རྒྱུན་འཛིན་བྱེད་དགོས། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་བྱ་བ་ཏན་ཏིག་གིས་སྒྲུབ་ནས། གསར་བརྗེའི་རིག་རྫས་སྲུང་སྐྱོབ་བེད་སྤྱོད་བྱ་བ་སྒྲུབ་པ་དང་། གསར་བརྗེའི་རིག་རྫས་སྲུང་སྐྱོབ་བཟང་བོ་དང་། དོ་དམ། བེད་སྤྱོད་ལེགས་པོ་བྱེད་དགོས། ཀ་པུའུ་ལུང་སྙིང་སྟོབས་དར་སྤེལ་དང་། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”པའི་ལག་ལེན་བྱ་འགུལ་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྩ་དོན་གྱི་འདུ་ཤེས་སྲ་བརྟན་དང་། ཐོག་མའི་བསམ་འདུན་ལག་ལེན་བྱེད་དགོས། གསར་བརྗེའི་ཐོན་ཁུངས་དང་རིག་གནས་གནས་སྐོར་ཐོན་ལས་གཉིས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་ནས། ནུབ་མཚོ་གྲོང་རྡལ་དེ་གསར་བརྗེའི་གྲོང་རྡལ་ཆུང་བ་དང་སྐྱེ་ཁམས། རོལ་མོའི་གྲོང་རྡལ་ཆུང་བ་ཞིག་ཏུ་གསར་སྐྲུན་བྱེད་དགོས་ཞེས་བསྟན། 

ཧེ་ཡན་རྫོང་གསེར་ཐང་ཤང་ཏུང་ཏ་སྡེ་བར། ཝུའུ་ཞའོ་ཅུན་གྱིས་ཐོན་ལས་འཕེལ་རྒྱས་དང་། ཞིང་སྡེ་འཛུགས་སྐྲུན། ཡུལ་སྲོལ་དཔལ་ཡོན་དང་། གཞི་རིམ་ཏང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་ཤིང་། རོང་འབྲོག་ཁུལ་དུ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་ལ། འདི་ནི་ཏང་གོ་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བསླབ་གཞི་ཡིན་ཞིང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་ལེགས་པོར་བཤད་དེ། རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་ལ་དྲིན་གཟོ་དང་། ཏང་གི་སྐད་ཆར་ཉན་པ། ཏང་གི་རྗེས་སུ་འབྲངས་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་སྔོན་བསྐྱོད་དཔེ་ལེགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བཅངས་བའི་རེ་སྨོན་དེ། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་སྒུལ་ཤུགས་སུ་བསྒྱུར་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དེ། གྲོང་གསེབ་དར་སྤེལ་དང་མཐུད་སྦྲེལ་བྱས་ཏེ། ཞིང་སྡེ་ཐོན་ལས་འཕེལ་རྒྱས་དང་། དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། རོང་འབྲོག་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་སྟེང་བསྐྱོད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།