ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བླང་བྱ་ཞིབ་ཕྲའི་ངང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སློབ་སྦྱོང་སློབ་གསོའི་རྣམ་པ་ཕུན་ཚོགས་སུ་གཏོང་བ། སློབ་སྦྱོང་སློབ་གསོའི་ཐབས་ལམ་རྒྱ་ཆེར་གཏོང་བ། སློབ་སྦྱོང་སློབ་གསོའི་བྱ་ཐབས་གསར་གཏོད་བཅས་བྱ་ཆེད་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་གྲབས་འཛུགས་བྱས་པའི་ཏང་གི་ལོ་རྒྱུས་སློབ་གསོའི་འགྲམས་སྟོན་ཁང་གི་སྒོ་མོ་ཕྱེ་ནས། ལས་ཁུངས40ལྷག་གི་མི1500ཙམ་ལ་སྣེ་ལེན་བྱས།
ཏང་གི་ལོ་རྒྱུས་སློབ་གསོའི་འགྲེམས་སྟོན་ཁང་གྲབས་འཛུགས་བྱེད་པའི་བརྒྱུད་རིམ་ཁྲོད། ཞིང་ཆེན་ཡོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་མི། ལས་བཟོ་བ། དང་བླངས་པ་བཅས་ཀྱིས་ཡིག་གཟུགས་དང་རི་མོ། འཕྲིན་ཡིག དཔེ་དེབ། སྦྲག་རྫས། དྲན་གསོའི་རྟགས། རྫ་ཆས་སོགས་ཉར་ཚགས་བྱས་པའི་ཏང་གི་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་དངོས་བོ་ཞལ་འདེབས་སུ་ཕུལ། གསོག་ཉར་དངོས་རྫས་རེ་རེའི་ལས་ཏང་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་ཀྲུང་གོའི་གསར་བརྗེའི་རླབས་ཆེན་གྱི་ལོ་རྒྱུས། མི་སེམས་འགུལ་བའི་བྱས་རྗེས་བཅས་མཚོན་ཡོད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཏང་གི་ལོ་རྒྱུས་སློབ་སློབ་གསོའི་འགྲེམས་སྟོན་ཁང་ཕྱེ་བ།