གསར་བརྗེ་ཁྱིམ་མིའི་ཏང་གི་ལོ་རྒྱུས་བརྗོད་པ་དང་གསར་བརྗེའི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་བྱེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པ་དང་། “ལྔ་བཞིའི”གཞོན་ནུའི་དུས་ཆེན་ཐོན་ལ་ཉེ་པའི་ཟླ4པའི་ཚེས28ཉིན།  མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་ན་གཞོན་ལས་བྱེད་པས“གསར་བརྗེའི་ཁྱིམ་མིའི་ལོ་རྒྱུས་བརྗོད་པ་དང་གསར་བརྗེའི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་བྱེད”ཅས་པའི་བྱ་འགུལ་སྤེལ་ནས།  “གསར་བརྗེའི་ཁྱིམ་མིའི་དཔེ་དེབ”ནང་གི་གསར་བརྗེའི་གཏམ་རྒྱུད་གླེང་བ་དང་། ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བསྐྱར་དྲན་བྱས།  དཔེ་ཀློག་བྱ་འགུལ་སྤེལ་བ་བརྒྱུད་ཚང་མས་དད་སེམས་ཀྱི་སྟོབས་ཤུགས་འདོན་པ་དང་འགན་ཁུར་གྱི་སྟོབས་ཤུགས་ཀློག་པ།  དངོས་སྒྲུབ་ཀྱི་སྟོབས་ཤུགས་འདོན་པ་བཅས་བྱས་ནས་རིག་གནས་ཡུལ་སྐོར་གྱི་ན་གཞོན་ཚོས་འགན་འཁྲི་དང་སྤོབས་པའི་ཁེངས་ནས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་དང་།  མཚོ་སྔོན་གྱི་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།