མཚོ་སྔོན་གྱིས་ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེར་མཚོན་སྐོར་གྱི་གནད་དོན3ཡོངས་བསྒྲགས་བྱས།

སྔར་ལས་ལྷག་པའི་སྒོ་ནས་སྒྲིག་ཁྲིམས་གཟབ་ནན་དང་། ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དགོངས་དོན་དང“སྤྱོད་ངན་བཞིའི”ཕན་འབྲས་སྲ་བརྟན་རྒྱ་བསྐྱེད་བྱས་ཏེ།ཡུན་རིང་རྒྱུན་འཁྱོངས་དང་སྤྱོད་སྟངས་ལེགས་བཅོས་བྱས་ཏེ། རྗེས་ལ་ཅི་ལྟར་བཞག་ན་དེ་ལྟར་དུ་གཟབ་ནན་ཡིན་པའི་བརྡ་རྟགས་བསྟན་ནས། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་སྡེ་ཁག་གིས་རྩད་ཆོད་པའི་ཀྲུང་དབྱང་གི་གཏན་འབེབ་བརྒྱད་ཀྱི་དཔེར་མཚོན་གནད་དོན3ཡོངས་བསྒྲགས་བྱས་པ་གཤམ་གསལ་ལྟར།

མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་སྔོན་ཆད་ཀྱི་ཅུས་ཀྲང་མ་ཁྲིན་ཀྲུང་སོགས་ཀྱིས་སྒྲིག་འགལ་ངང་མི་གཞན་གྱི་ལག་ནས་ལེགས་སྐྱེས་དང་སྒོར་མོ་སོགས་བླངས་པའི་གནད་དོན། 2016ལོ་ནས2019ལོའི་བར། ཁྲི་ཀ་རྫོང་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཅུས་ཡི་ཅུས་ཀྲང་ཟུར་པ་མ་ཁྲིན་ཀྲུང་དང་། རིམ་པ་དང་པོའི་ཁྲིམས་དཔོན་དབྱང་ཞའོ་ཕིན། རིམ་པ་གཉིས་པའི་ཉེན་རྟོག་དཔོན་པོ་ཆང་ཧྲིན་གྱིས་ཐེངས་མང་པོར་སྐབས་དོན་མི་ཡའོ་ཆེ་གེ་མོ་དང་ཐའོ་ཆེ་གེ་མོའི་སྣེ་ལེན་དང་ལེན་བྱས་ཤིང་། དེ་འབུལ་གྱི་ཆང་དཀར་དམ་བུ4དང་། དབྱང་ཞའོ་ཕོན་དང་ཆང་ཧྲིན་གཉིས་ཀྱིས་སོ་སོར་སྒོར500དང300ཡི་སྒོར་མོ་བླངས། མ་ཁྲིན་ཀྲུང་དང་དབྱང་ཞའོ་ཕིན། ཆང་ཧྲིན་བཅས་ལ་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་དག་ཡོད། 2020ལོའི་ཟླ2པར་མ་ཁྲིན་ཀྲུང་ལ་ནང་ཁུལ་གྱི་ཉེན་བརྡ་གཏོང་བའི་ཆད་གཅོད་ཐོབ་པ་དང་། དབྱང་ཞའོ་ཕིན་ལ་ཏང་ནང་ཁུལ་གྱི་ཉེན་བརྡ་བཏང་བ་མ་ཟད། སྲིད་དོན་ཆད་གཅོད་ཐོབ་ཅིང་། ཆང་ཧྲིན་ལ་ཏང་ནང་ཁུལ་གྱི་ཉེན་བརྡའི་ཆད་གཅོད་ཐོབ།

རྨ་ལྷོ་ཁུལ་ཧི་ནན་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རུ་གཙོ་ཟུར་པ་མ་ཅིན་ཡུས་ཀྱིས“ཆད་གཅོད”བསྡུ་ལེན་བྱས་པའི་གནད་དོན། 2013ལོའི་ཟླ3པ་ནས2014ལོའི་ཟླ4བར་མ་ཅིན་ཡུས་ཀྱིས་ཐེངས2ལ་ཧི་ནན་རྫོང་རྡོ་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་རླངས་འཁོར་དཔུང་ཁག་འཁོར་རྒྱུག་བྱས་ནས་སྤྲད་པའི་ཆད་གཅོད་སྒོར་མོ་ཁྱོན་བསྡོམས་སྒོར14200དེ། རྩིས་ཐོར་མ་བཀོད་པར་ལས་རྐང་དང་ལེན་དང་། ལས་བསྣོན་གྱི་ཟ་མ་ཟ་བའི་འགྲོ་གྲོན་དུ་བཏང་བ་མ་ཟད། རོགས་སྒྲུབ་ཉེན་རྟོག་པ་ཏའོ་ཆེ་གེ་མོ་སོགས་ཀྱིས་ཁྲིམས་འགལ་ངང་རླངས་འཁོར་འགྲུལ་སྐྱེལ་ལ་སྟབས་བདེ་བཟོས། 2020ལོའི་ཟླ8པར་མ་ཅིན་ཡུས་ལ་ཏང་ནང་ཁུལ་གྱི་ཉེན་བརྡ་བཏང་བ་དང་སྲིད་གཉེར་ཆད་གཅོད་ཐོབ།

ཟི་ལིང་གྲོང་ཁྱེར་ཏ་ཐུང་རྫོང་ཁྲིན་ཀོན་ཁུལ་གྱི་ཕྱོགས་བསྡུས་སྲིད་འཛིན་ལག་བསྟར་ལྟེ་གནས་ཀྱི་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཆན་ལིན་ཧྲན་གྱིས་ལེགས་སྐྱེས་དང་ལེན་བྱས་པའི་གནད་དོན། 2020ལོའི་ཟླ8པར། ཆན་ལིན་ཧྲན་སོགས་ཀྱིས་ཁྲིན་ཀོན་གྲོང་རྡལ་ལིན་ཡོན་ལམ་དུ་སྐོར་ཞིབ་བྱེད་པའི་གོ་རིམ་ཁྲོད། ཧུ་ཆེ་གེ་མོས་སྒྲིག་འགལ་ངང་རླངས་འཁོར་བསྡད་པ་མ་ཟད། ཧུ་ཆེ་གེ་མོའི་ལག་རྟགས་གནས་སྐབས་སུ་བླངས་ཤིང་། སྐབས་དོན་གྱི་མི་དེས་ཁོ་ཚོར་གླང་དམར་བཏུང་ཆུ་སྒམ་གང་བསྡུ་ལེན་བྱས་ཤིང་། སྐབས་དོན་མི་དེར་ཆད་གཅོད་མ་བྱས། 2020ལོའི་ཟླ11པར། ཆན་ལིན་ཧྲན་ལ་སྲིད་གཉེར་ཆད་གཅོད་ཐོབ།

གོང་གི་གྱོད་དོན་དེ་དག་ལས་ཏང་ཡོན་ལས་བྱེད་ཉུང་ཤས་ཤིག་གིས་དོན་དངོས་ལ་གཡོལ་བའི་བསམ་བློ་ཡོད་ཅིང་། རང་སྟེང་གི་བླང་བྱ་མི་མཐོ་བ་དང་། རང་གཅུན་ནུས་པ་གཟབ་ནན་མིན་པ། སྒྲིག་ཁྲིམས་འདུ་ཤེས་ཞན་པའི་གནས་ཚུལ་ཡོད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོན་དག་དེར་བརྟེན་ནས། སློབ་གསོ་བསྡུ་ལེན་དང་སྲིད་གཙང་རང་གཅུན་གྱི་གཏན་འཁེལ་བརྩི་སྲུང་ནན་མོ་བྱས་ནས།སྤྱོད་སྟངས་འཛུགས་སྐྲུན་དམ་འཛིན་དང་། སྒྲིག་ཁྲིམས་ལག་བསྟར་གཏན་འཁེལ་གྱི་རང་འགུལ་རང་བཞིན་དང་སྲ་བརྟན་རང་བཞིན་མཐོར་འདེགས་སུ་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ཏེ། དབང་ཆ་བེད་སྤྱོད་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལ་དོ་སྣང་བྱེད་དགོས། །

ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།

2021ལོའི་ཟླ4པའི་ཚེས28ཉིན།


རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།