ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཤེས་བྱའི་འགྲན་བསྡུར་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་ན་གནས་ལུགས་རྟོགས་པ་དང་། ཡིད་ཆེས་བསྐྱེད་པ།སྤྱོད་བཟང་དར་སྤེལ། ཉམས་ལེན་འབད་སྒྲུབ་བཅས་བྱས་ནས། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། བསམ་བློ་རྟོགས་པ། དོན་དངོས་སྒྲུབ་ནས། རྣམ་པ་གསར་བའི་མཁའ་དབུགས་སྟུག་པོ་ཞིག་ཆགས་པར་སྣེ་ཁྲིད་བྱ་ཆེད། ཟླ4པའི་ཚེས27ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་སྒྲུབ་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཤེས་བྱའི་འགྲན་བསྡུར་ཟི་ལིང་དུ་སྤེལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ300ལྷག་ཡུལ་དངོས་ནས་འགྲན་བསྡུར་ལ་བལྟས།

ཐེངས་འདིའི་ཤེས་བྱའི་འགྲན་བསྡུར་ལ་གྲ་སྒྲིག་འགྲན་བསྡུར་དང་རྟིང་རྩོད་འགྲན་བསྡུར་གཉིས་སུ་བགོས་ཡོད། དེ་སྔོན་གྱི་གྲ་སྒྲིག་འགྲན་བསྡུར་ལ་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འབྲེལ་འདྲིས་ཚན་ཆུང་སོ་སོས་འགན་སྒྲུབ་བྱས་ཤིང་། གྲ་སྒྲིག་འགྲན་བསྡུར6བྱས་མཐར། ཡན་ལག་རུ་ཁག12ཡི་འཐུས་ཚབ་པས་ཐོ་འགོད་འགྲན་ཞུགས73ཁྲོད་རྩེར་སོན་པ་དག་ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་ཁྲོད་ཚུད།

ཐེངས་འདིའི་རྟིང་རྩོད་འགྲན་བསྡུར་གྱིས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་སོགས་ཀྱི་ནང་དོན་གཙོར་བྱས། ངེས་བཏབ་དྲིས་ལན་དང་། ཚང་མའི་ལན་འདེབས་དྲི་བ། འཕྲོག་རྩོད་དྲི་བ། ཉེན་ཁ་ཡོད་པའི་དྲི་བ་བཅས་རིགས་བཞི་ཡོད། འགྲན་ཞུགས་པས་བློ་རིག་སྒྲིམ་པའི་ངང་ནས་དྲི་བར་ལན་བཏབ་ཅིང་། འགྲན་བསྡུར་གྱིས་སློབ་སྦྱོང་གི་ཕན་འབྲས་མངོན་ཞིང་། ཡུལ་དངོས་འཕྲུག་ཆ་དོད་པོར་བཏང་བ་དང་། ཡུལ་དངོས་ལྟད་མོ་བས་དགའ་བསུའི་ཐེབ་སྒྲའི་ཁེངས།

དུས་ཚོད་གཉིས་རིང་གི་ཛ་དྲག་གི་འགྲན་བསྡུར་བརྒྱུད། མཚོ་སྔོན་ཉེན་རྟོག་ཆེད་ལས་སློབ་གླིང་འཐུས་ཚབ་རུ་ཁག་གིས་བྱ་དགའ་ཨང་དང་པོ་ཐོབ་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་རྟོག་ཞིབ་སྤྱི་ཁྱབ་རུ་ཁག ཞིང་ཆེན་ནོར་སྲིད་ཐིན་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་གཉིས་པ་ཐོབ། མཚོ་སྔོན་ཉིན་རེའི་ཚགས་པར་དང་། ཞིང་ཆེན་མི་དམངས་ཁྲིམས་ཁང་། ཞིང་ཆེན་ཁྲལ་དོན་ཅུས་འཐུས་ཚབ་རུ་ཁག་བཅས་ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་ལ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་སོགས་འཐུས་ཚབ་རུ་ཁག6ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ། ཚང་མས་བསྟན་དོན། འདི་ནི་ཤེས་བྱའི་འགྲན་བསྡུར་དང་ཤེས་བྱའི་རང་བཞིན་དང་། སློབ་གསོ་རང་བཞིན་གཞི་གཅིག་ཅན་གྱི་ཏང་གི་སློབ་གསོའི་སློབ་ཁྲིད་ཅིག་ཡིན་པར་འདོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།