ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས25ཉིན། སྐབས22པའི་ཀྲུང་གོའི་མཚོ་སྔོན་བཙོག་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུའི་གསར་འགྱུར་ཁྱབ་སྒྲོག་འདུ་ཧྥུའུ་ཀྲོའུ་རུ་སྤེལ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཧྲིན་ཀྲང་གཞོན་པ་ཝང་ལི་མིན། ཧྥུའུ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཀོང་ཡོན་ཚོགས་འདུར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཤེས་གསལ་བྱུང་བ་ལྟར་ན། རང་ཞིང་གིས་ཟླ7པའི་ཚེས22ཉིན་ནས་ཚེས25ཉིན་བར། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ“སྒོ་འབྱེད་མཉམ་ལས་དང་བཙོག་མེད་འཕེལ་རྒྱས”བརྗོད་དོན་ཡིན་པའི་སྐབས22པའི་མཚོ་སྔོན་ཚོང་ཚོགས་སྤེལ་རྒྱུ་ཡིན་ཞིང་། སྐབས་འདིའི་མཚོ་སྔོན་ཚོང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། མཚོ་སྔོན་གྱི་དགེ་མཚན་དང་ཐོན་ཁུངས་ཟུང་འབྲེལ་སྒོས། མགྱོགས་མྱུར་ངང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་གསར་སྐྲུན་བྱེད་པ། མཚོ་སྔོན་ཕྱི་ཕྱོགས་སྒོ་འབྱེད་དང་མཉམ་ལས་བརྗེ་རེས་ཀྱི་སྒེའུ་ཁུང་གལ་ཆེན་ཞིག་གསར་སྐྲུན་བྱས། ཧྥུའུ་ཅན་ཞིང་ཆེན་ནི་རང་རྒྱལ་བཅོས་བསྒྱུར་སྒོ་འབྱེད་གསར་གཏོད་བྱེད་ས་ཡིན་པ་དང་། མཚོ་སྔོན་གྱིས་ས་ཁོངས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པའི་ཞིང་ཆེན་གྲས་ཀྱི་གཅིག་ཡིན། ལོ་མང་པོའི་རིང་།མཚོ་སྔོན་ཚོང་ཚོགས་ཀྱི་སྟེགས་བུ་འདི་བརྒྱུད་དེ། ཞིང་ཆེན་གཉིས་བར་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ཞིང་། མཚོ་སྔོན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཉིན་དེར། མཚོ་སྔོན་ཞིང་ཆེན་ཟི་ལིང(རྒྱལ་ཁབ་རིམ་པའི)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏུང་ཁྲོན་བཟོ་ལས་གླིང་ཁུལ་དང་ཚྭ་འདམ་གཞོང་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ། མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ། མཚོ་ཤར་བཟོ་ལས་གླིང་ཁུལ་བཅས་ཀྱིས་ཚོང་འགུག་དྲིལ་སྒྲོག་འོས་སྦྱོར་བྱས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
སྐབས22པའི་མཚོ་སྔོན་ཚོང་ཚོགས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཧྥུའུ་ཀྲོའུ་རུ་སྤེལ།