ཟི་ལིང་གྲོང་ཁྱེར་གྱིས་ཤེས་བྱའི་བདག་དབང་གི་དཔེ་མཚོན་གྱོད་གཞི་བཞི་ཁྱབ་བསྒྲགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4པའི་ཚེས25ཉིན།  ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཤེས་བྱའི་བདག་དབང་འདྲི་གཅོད་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ་དང་།  ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་མི་དམངས་འབྲིང་རིམ་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་འདྲི་གཅོད་ལས་དོན་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད།  ཤེས་བྱའི་བདག་དབང་གི་གྱོད་གཞི་བཞི་ཁྱབ་བསྒྲགས་བྱས།

ངོ་སྤྲོད་བྱས་པར་གཞིགས་ན།  ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཤེས་བྱའི་བདག་དབང་སྲུང་སྐྱོོང་ནི་གསར་གཏོད་ལ་སྲུང་སྐྱོང་བྱེད་པའི”འདུ་ཤེས་སུ་བཟུང་ནས།  ཤེས་བྱའི་བདག་དབང་ལ་ཁྲིམས་འཛིན་གྱི་སྲུང་སྐྱོང་བྱེད་པའི་ནུས་ཤུགས་ལ་ཤུགས་བསྣན་པ་དང་། ཤེས་བྱའི་བདག་དབང་འདྲི་གཅོད་ཀྱི་དོན་དངོས་མཐོར་འདེགས་སུ་བཏང་སྟེ།  གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་བརླིང་ཡོང་བར་འགན་སྲུང་བྱས་པ་དང་། ཚན་རྩལ་གསར་གཏོད་ཀྱི་ཁྲིམས་མཐུན་ཁོར་ཡུག་ཇེ་ལེགས་སུ་བཏང་ཞིང་།  ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་གསར་གཏོད་འཕེལ་རྒྱས་ལ་བྱས་རྗེས་འཇོག་པ་མངོན་འགྱུར་བྱས།  2016ལོ་ནས2020ལོའི་བར། ཟི་ལིང་གྲོང་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་བསྡོམས་པས་རིགས་མི་འདྲ་བའི་ཤེས་བྱའི་བདག་དབང་གི་གྱོད་གཞི538དང་ལེན་བྱས་པ་དང་།དེའི་ཁྲོད་དུ་དམངས་དོན་འདྲི་གཅོད་དང་པོའི་གྱོད་གཞི522ཡོད་པ་དང་། དང་ལེན་བྱས་པའི་སྤྱིའི་གྱོད་གཞིའི་ལས97.03%ཟིན་ཡོད་ལ་གྱོད་གཞི་ཐག་གཅོད་བྱེད་པའི་རྣམ་པ་གཙོ་བོ་ནི་བར་འདུམ་དང་ཕྱིར་འཐེན་གྱི་ཐབས་ཡིན་ཞིང་། གྱོད་གཞི་ཕྱིར་འཐེན་བྱེད་ཚད72.8%ལ་སླེབས་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།