ཞིན་ཁྲང་ཞིང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་སྐོར་ཁག་ཐེངས་པོར་ཐུན་མོང་ཞིབ་བཤེར་ཆོག་མཆན་འགོད་པ་དང་དངུལ་རྩ་དངུལ་བུན་བསྐྱི་བའི་ཐུན་མོང་མཆན་འགོད་གྲོས་ཚོགས་སྟེང་ནས་གཏམ་བཤད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཉིས་སྟོང་ཉེར་གཅིག་ལོའི་ཞིང་ཆེན་ཡོངས་ཀྱི་ལས་གཞི་གལ་ཆེན་སྐོར་ཁག་ཐེངས་པོར་ཐུན་མོང་ཞིབ་བཤེར་ཆོག་མཆན་འགོད་པ་དང་དངུལ་རྩ་དངུལ་བུན་བསྐྱི་བའི་ཐུན་མོང་མཆན་འགོད་གྲོས་ཚོགས་སྟེང་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ནས། ལས་གཞི་འཛིན་ཤུགས་ཇེ་དྲག་ཏུ་གཏོང་བ་དང་ཚོང་འགུགས་ལས་དོན་དམ་པོར་འཛིན་པ། ཞབས་ཞུའི་འགན་འཁྲི་དང་ཉེན་ཚབས་ཀྱི་འདུ་ཤེས། རང་རྟོགས་རང་བཞིན་བཅས་དམ་པོར་འཛིན་པ། སྒྲུབ་ཚད་དོ་དམ་དང་གནད་འཁེལ་ཞབས་ཞུའི་འགན་སྲུང་དམ་པོར་འཛིན་པ་བཅས་ལ་འབད་དེ། ལས་གཞི་འཛུགས་སྐྲུན་ལ་ཐོད་བརྒལ་གསར་པ་འབྱུང་བར་ཤུགས་སྣོན་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ཚོགས་འདུར་འགོ་འཛིན་བྱས།

ཚོགས་ཐོག་ནས་དྲ་ལམ་བརྒྱུད་དེ་ལས་གཞི་གལ་ཆེན་དྲུག་ཅུར་ཞིབ་བཤེར་ཆོག་མཆན་བཀོད་པ་དང་ཚོད་དཔག་བྱས་ན་སྤྱིའི་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་དྲུག་བྱེ་བ་བདུན་ཡིན། ཐུན་མོང་སྒོས་དངུལ་རྩ་དངུལ་བུན་གཏོང་བའི་ལས་གཞི་བཅོ་བརྒྱད་ལ་མིང་རྟགས་བཀོད་པ་དང་མིང་བཀོད་དངུལ་གྲངས་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་ལྔ་བྱེ་བ་ལྔ་ལ་སླེབས།

ཞིན་ཁྲང་ཞིང་གིས་བསྟན་དོན། དུས་ཚིགས་དང་པོའི་ནང་དུ། ས་གནས་དང་སྡེ་ཁག་སོ་སོ་དང་དངུལ་རྩ་ལས་ཁུངས་སོ་སོ། ཁྲོམ་རའི་རང་བདག་བཅས་ཀྱིས་རང་རྟོགས་བསམ་སྦྱོར་སྦེལ་བ་དང་མཐུན་སྦྱོར་མཉམ་འགུལ་བཅས་བྱས་པར་བརྟེན། ལས་རིམ་ཁག་སོ་སོའི་ལས་དོན་གོ་རིམ་ལྡན་ལ་ཕན་འབྲས་ལྡན་པའི་ངང་སྤེལ་གྱིན་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ས་གནས་ཐོན་སྐྱེད་སྤྱིའི་རིན་འབབ་དང་དམིགས་ཚད་དུ་མ་དུས་མཉམ་གཅིག་ཏུ་འཕེལ་རྒྱས་ཕྱིན་ནས་ལེགས་འགྲུབ་བྱུང་བ་དང་། གྲུབ་འབྲས་དེ་ལ་ཁས་ལེན་བྱེད་རིན་ཡོད།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལས་གཞི་གཙོ་བོའི་ཞོར་ཁྲིད་དང་ཁ་འབྲལ་ཐབས་མེད། མིག་སྔའི་དུས་ནི་བཟོ་སྐྲུན་ལས་སྒོ་ཕྱོགས་ཡོངས་ནས་འགོ་རྩོམ་གྱིན་པ་དང་ལས་གཞི་དམ་པོར་འཛིན་གྱིན་པ། དངུལ་གཏོང་རྒྱ་སྐྱེད་ཀྱིན་པ་བཅས་ཀྱི་དུས་ཚིགས་ལེགས་པོ་ཞིག་ཡིན་པས། རྒྱུ་སྤུས་བཟང་ལ་ཕན་འབྲས་མཐོ་བའི་སྒོ་ནས་ལས་རིམ་ཁག་སོ་སོའི་བྱ་བ་བསྒྲུབ་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།