མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་གནས་བབ་དབྱེ་ཞིབ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་གནས་བབ་དབྱེ་ཞིབ་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་དངུལ་རྩ་འཁོར་སྐྱོད་གནས་ཚུལ་ལ་ཁྱབ་བསྒྲགས་བྱས་པ་དང་། མིག་སྔའི་དཀའ་ཁག་དང་གནད་དོན་དབྱེ་ཞིབ་བྱས་ལ། དུས་ཚིགས་གཉིས་པའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྤྱིའི་གྲངས་ཚད་རྒྱ་སྐྱེད་པ་དང་། གྲུབ་ཚུལ་ལེགས་བསྒྱུར་དང་ཉེན་ཁ་ཚད་འགོག་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར། 

ཝང་ལིས་མེན་གྱིས་བསྟན་དོན། ད་ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་དངུལ་རྩ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩབའི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཏན་འཇགས་འཕར་སྣོན་དང་དངུལ་གཏོང་རྒྱ་སྐྱེད་པ། ལས་གཞི་ལག་བསྟར་བྱེད་པ། ཉེན་ཁ་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས། ཐབས་མང་མཉམ་སྤྱོད་དང་གནད་ཕིགས་ཤུགས་འདོན་བྱེད་པ། བཅོས་བསྒྱུར་གསར་གཏོད་ལ་ཤུགས་སྣོན་པ། ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་བ། དུས་ཚིགས་དང་པོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། 

ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། དངུལ་རྩ་སྡེ་ཁག་སོ་སོས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་སྔར་ལས་ཇེ་བརྟན་དུ་བཏང་ནས། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཁུལ་ཁོངས་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱེད་དགོས། དྲིལ་སྒྲོག་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་དངུལ་རྩའི་ཡིད་རྟོན་ཁོར་ཡུག་ལེགས་བསྒྱུར་བྱེད་དགོས། ཐབས་མང་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དངུལ་བུན་ཡིད་རྟོན་གཞི་ཁྱོན་འོས་འཚམ་སྒོས་འཕར་སྣོན་བྱེད་པར་ཁག་ཐེག་བྱེད་དགོས། ཤུགས་གནད་ལ་འཁེལ་བ་བཏོན་ནས་རྒྱབ་སྐྱོར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཁེ་ལས་གཏན་འཇགས་སུ་གཏོང་བ་དང་ལས་ཞུགས་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།