མཚོ་སྔོན་པོའི་འགྲམ་ངོགས་ནས་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྗོད་པ།

དྭངས་གསལ་དུས་ཆེན་བརྒལ་འདུག་ནའང་། ཁོར་ཡུག་ལ་སྔར་བཞིན་གྲང་ངར་ཆེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཧྲ་ལིའུ་ཧོ་གྲོང་རྡལ་མཁར་ཤར་གཞིས་ཁུལ་གྱིས་ཏང་འཛུགས་མནའ་འབྲེལ་བཞི་པ་དང་མཉམ་འབྲེལ་བྱས་ཏེ“ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་ལེགས་སྐྱེས་འབུལ་བ”བརྗོད་གཞི་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བར་གནམ་གཤིས་འཁྱགས་པོ་ཡི་བར་ཆད་ཅི་ཡང་ཐེབས་མེད།

ཟླ4པའི་ཚེས9ཉིན། ཕྱི་རོལ་ཏུ་ཁ་བ་ལྷབ་ལྷུབ་དུ་འབབ་བཞིན་ཡོད་པ་དང་། ཁང་པའི་ནང་ལ་སྤྲོ་དགས་ཁྱབ་ཅིང་། མི་ཚང་མར་རྣམ་རིག་རྒྱས་ཏེ། དཔྱིད་ཀ་འདི་ཡང་དྲོད་སྣང་གིས་ཁེངས་པར་བྱས་འདུག

མཁར་ཤར་གཞིས་ཁུལ་གྱི་གྲོས་ཚོགས་ཁང་དུ། “ཏང་གི་ལོ་རྒྱུས”མཉམ་རོལ་བྱེད་པ་དང་། “ཏང་གི་ལོ་རྒྱུས”ཀྱི་ཁྲོམ་བཤད་དང་། “ཏང་གི་ལོ་རྒྱུས”ཤེས་བྱའི་དྲི་བར་ལན་འཕྲོག་འདེབས་བྱེད་པ་བཅས་ཀྱི་བྱ་འགུལ་རིམ་པར་སྤེལ་བ་དང་། མཁར་ཤར་གཞིས་ཁུལ་གྱིས་རྫོང་ཨུ་དྲིལ་སྒྲོག་པུའུ་དང་། རྫོང་སྡོམ་རྩིས་ཅུས། རྫོང་ཚོང་རའི་ལྟ་སྐུལ་དོ་དམ་ཅུས། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་བཅས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་དང་མཉམ་དུ་རྣམ་པ་གསར་སྐྲུན་གྱི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ཞིག་སྤེལ་བཞིན་འདུག

བརྩེ་བ་ཟབ་མོས་ཁེངས་པའི་ཏང་གི་གཏམ་རྒྱུད་རེ་རེས། ཏང་གི་རླབས་ཆེ་བའི་ལོ་རྒྱུས་བྱུང་རབས་དང་གཟི་འོད་འབར་བའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཏེ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་སྔོན་རབས་པའི་བྱས་རྗེས་རླབས་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་མིའི་རྨད་དུ་བྱུང་བའི་བསམ་པའི་འཇིག་རྟེན་འགྲེམ་སྟོན་བྱས། ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་སྡུར་གྱི་དྲི་བ་རེ་རེས། མི་ཚང་མ་ཏང་གི་ལོ་རྒྱུས་ཤེས་བྱར་སྔར་ལས་ལྷག་པའི་སྒོ་ནས་རྒྱུས་ལོན་གཏིང་ཟབ་བྱེད་དུ་བཅུག དུས་རབས་མི་གཅིག་པའི་ནང་གི་གསར་བརྗེའི་གསུང་རབ་ཀྱི་གཏམ་བཤད་རེ་རེ་ནི་བརྗིད་ཉམས་ཆེ་ལ། མི་སེམས་ཡར་སྐུལ་བྱེད། ཚང་མར་མཐོང་ཐོས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་རོལ་ཏུ་བཅུག་པའི་དུས་མཚུངས་སུ། ཏང་གི་གཟི་འོད་འབར་བའི་ལོ་ངོ་བརྒྱའི་ལོ་རྒྱུས་བྱུང་རབས་ལ་མཉམ་དུ་བསྐྱར་དྲན་བྱས་ཏེ། ཚང་མའི་གསར་བརྗེའི་ལས་དོན་ལ་གཏད་པའི་རྣམ་དག་བློ་དཀར་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་འགྱུར་མེད་ཆོད་སེམས་དེ་བསྟན།

“ད་ལྟ། དེང་རབས་ཅན་གྱི་གྲོང་ཁྱེར་རེ་རེ་འགྱིང་ངེར་ལངས་པ་དང་། ཚོང་ཁྲོམ་ཐོག་ཁང་དང་བཟོ་གྲྭ་དང་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་བཅས་གང་སར་ཁྱབ་ཡོད།”རྫོང་མཉམ་འབྲེལ་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་བྱེད་པ་ཀྲའོ་ལི་ཧུའེ་ཡིས་དེ་ལྟར་བརྩེ་དུང་གིས་ཕྱུག་པའི་གཏམ་བཤད་ཅིག་སྤེལ།

གཏམ་བཤད་སྐབས་སུ། ཏང་ཡོན་དང་། ཏང་ཞུགས་ཧུར་བརྩོན་པ། དང་བླངས་པ་བཅས་ཀྱིས《ཏུང་ཚུན་རུའེ》དང《ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་བསྟོད་གླུ་ལེན་པ》《ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བསམ་འདུན་ཇེ་དྲག ཏང་གི་རྗེས་སུ་འབྲངས་པ》སོགས་ཀྱི་བརྩམས་ཆོས་ལ་བརྟེན་ནས་རླབས་ཆེ་བའི་ཏང་དང་རྒྱལ་ཁབ་ལ་བསྟོད་གླུ་བླངས་ཏེ། ཏང་ཡོན་རྣམས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ཁྲོད་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་རང་ཐོག་ལ་ལེན་དུ་བཅུག་ཅིང་། ཏང་ཡོན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་བར་སྐུལ་མ་བཏང་།

གཏམ་བཤད་སྟེགས་བུའི་སྟེང་། འགྲན་ཞུགས་པ་རེ་རེར་སེམས་ཤུགས་དང་སྐྱེ་སྟོབས་ཀྱིས་ཁེངས་ཏེ། ལན་རེར་ཞི་ལྷོད་དལ་གྱིས་བརྗོད་ཡོང་ལ། ལན་རེར་བརྩེ་དུང་ཤུགས་དྲག་ཏུ་འཕྱུར་ནས། རང་རང་ལ་སྐྱེས་པའི་དྲན་ཚུལ་དང་མྱོང་བ། ངེས་ཤེས་བཅས་ལ་བརྟེན་ནས། དུས་རབས་གསར་པའི་འཐབ་ལམ་ཁྲོད། ཏང་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་། དེ་མིན། “ཐོག་མའི་བསམ་འདུན”དང“འགན་འཁྲི”ལས་དོན་གསར་སྐྲུན་གྱི་གོ་རིམ་ཧྲིལ་པོའི་ནང་བསྟར་བའི་འགྱུར་མེད་ཆོད་སེམས་བརྗོད།

མཁར་ཤར་གཞིས་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥེང་ཡུས་ཆིང་གིས་བསྟན་དོན། གཞིས་ཁུལ་གྱི་ཀྲི་པུའུ་ཡིས་མཉམ་དུ་སློབ་སྦྱོང་དང་བགྲོ་གླེང་བྱེད་པ་དང“ཏང་གི་སློབ་ཁྲིད་ཆུང་བ”སྤེལ་བ་སོགས་ཀྱི་རྣམ་པ་མང་པོ་སྤྱད་དེ། ཏང་ཡོན་རྣམས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཁྲོད་འབད་པ་ཆེན་པོས་ཞུགས་སུ་བཅུག་སྟེ། ཏང་ཡོན་རྣམས་ཀྱི་ཕྲག་ཏུ་བབས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གསལ་པོ་བྱས་པ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་ཆོད་སེམས་ཇེ་བརྟན་དུ་བཏང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་མཐར་གཏུགས་ན་དམངས་ལ་དངོས་དོན་སྒྲུབ་པའི་སྟེང་འབབ་དགོས་ལ། རྗེས་མར་ང་ཚོས་ད་དུང་དམངས་ལ་དངོས་དོན་སྒྲུབ་པ་གཙོ་གནད་དུ་བཟུང་ནས། རྒྱ་ཆེའི་མང་ཚོགས་ལ་དངོས་དོན་དང་དོན་བཟང་དེ་ལས་མང་པོ་བསྒྲུབ་དགོས།

བྱ་འགུལ་མཇུག་རྫོགས་སྐབས། ཏང་ཡོན་ཡོངས་ཀྱིས་དམར་པོ་དམར་རྐྱང་ཡིན་པའི་ཏང་དར་ལ་ཁ་གཏད་དེ། གྲལ་དག་པའི་རུ་སྒྲིག་པ་དང་། ལག་གཡས་ཡར་བཀྱགས་ཏེ། ཏང་ཞུགས་མནའ་ཚིག་བསྐྱར་འདོན་བྱས། དད་མོས་དང་འགྱུར་མེད་ཀྱི་མནའ་ཚིག་སྒྲོག་པའི་སྐད་སྒྲ་རེ་རེས། དེར་ཡོད་མི་སྣ་ཡོངས་ཀྱིས་ཏང་ལ་བློ་དཀར་བ་དང་། འགན་འཁྲི་ཡིད་ལ་དམ་འཛིན་བྱེད་པའི་འགྱུར་མེད་དད་མོས་བདེན་དཔང་བྱས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།