མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་བྱ་བའི་གྲོས་ཚོགས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞང་གིས་བྱ་བར་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཞིན་ཁྲང་ཞང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱིས་ཏན་ཏིག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་ལེན་དོན་འཁྱོལ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། ལས་རིགས་དོ་དམ་སྡེ་ཁག་གི་བྱ་བའི་བླང་བྱ་ལྟར། འགན་འཁྲི་ཕྲག་ཏུ་ལེན་པ་དང་གསར་གཏོད་ཡར་སྐུལ། བདེ་འཇགས་འཁོར་རྒྱུག་གི་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་བཏང་ཞིང་། བྱ་བ་སོ་སོར་གྲུབ་འབྲས་མངོན་གསལ་བླངས་ཏེ། མཚོ་སྔོན་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་བཞག བདེ་འཇགས་ནི་དམངས་སྤྱོད་མཁའ་འགྲུལ་གྱི་ཚེ་སྲོག་ཡིན་ཞིང་། རེ་བར་མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྤྱོད་མཁའ་འགྲུལ་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། སྤྱོད་ལེགས་འཇོན་མི་གསོ་སྐྱོང་གིས་མི་དམངས་དཀྱིལ་སྙིང་དུ་བྱེད་པའི་འཕེལ་རྒྱས་བསམ་བློས་ནམ་ཡིན་ཡང་བདེ་འཇགས་དེ་དོན་ཆེན་དུ་བརྩིས་ནས། བློ་གྲོས་བདེ་འཇགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཧུར་བརྩོན་གྱིས་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཁོང་ཡུང་གིས་རྗེས་ཕྱོགས་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་བར་བླང་བྱ་བཏོན། ཁོས་ནན་གྱིས་བསྟན་དོན། ཡང་དག་པའི་སྒོ་ནས་བདེ་འཇགས་དང་འཕེལ་རྒྱས། བདེ་འཇགས་དང་ཕན་འབྲས་བར་གྱི་འབྲེལ་བ་ཐག་གཅོད་བྱས་ཏེ། ནམ་ཡིན་ཡང་བདེ་འཇགས་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩི་དགོས། བདེ་འཇགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིས་གཙོ་གནད་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་པ་དང་། སྤྱོད་སྟངས་ལེགས་པོས་བདེ་འཇགས་ཉེན་ཁའི་ཚོད་འཛིན་བྱ་བ་གཟབ་ནན་སྒོས་སྒྲུབ་དགོས་ལ། བློ་དཀར་གཞུང་དྲང་གིས་འགན་འཁྲི་ཕྲག་ཏུ་བླངས་ཏེ་དམངས་སྤྱོད་མཁའ་འགྲུལ་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་པ་དང་། ཕན་ནུས་ལྡན་པའི་བྱེད་ཐབས་ཀྱིས་མཁའ་འགྲུལ་དོ་དམ་བྱ་བ་ལེགས་པོར་སྒྲུབ་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ལྷོད་གཡེང་མི་གཏོང་བར་དམངས་སྤྱོད་མཁའ་འགྲུལ་ལས་རིགས་གཏན་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།