ཝུའུ་ཞའོ་ཅུན་གྱིས་རྨ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན་ནས་ཚེས22ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཞའོ་ཅུན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དང་གཅན་ཚ་རྫོང་དུ་སོང་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བར་རྟོག་ཞིབ་གནང་། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཁྱོན་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་དོན་བཟང་དང་དོན་དངོས་སྒྲུབ་པ། དཀའ་ཁག་སེལ་རོགས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲིལ་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། རིགས་སོ་སོའི་མི་རིགས་བར་གྱི་འགྲོ་འོང་བརྗེ་རེས་ལ་སྐུལ་འདེད་བཏང་ནས། བདེ་སྐྱིད་མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན། 

ཐུན་རིན་གྲོང་ཁྱེར་དུ། ཝུའུ་ཞའོ་ཅུན་རོང་བོ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ་དང་རོང་བོ་གྲོང་རྡལ་ན་གཞོན་ལམ་གཞིས་ཁུལ། གནས་མཆོག་བྱ་ཁྱུང་བ་མོ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་། ཐང་གའི་སྒྱུ་རྩལ་གྲོང་རྡལ་ཆུང་བ་སོགས་སུ་སོང་ནས། སློབ་གྲྭའི་བསམ་བློ་ཀུན་སྤྱོད་ཀྱི་སློབ་ཁྲིད་སློབ་གསོ་དང་གཞི་རིམ་བཅོས་སྐྱོང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་སྲུང་སྐྱོབ་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་གཉིས་ཟུང་འབྲེལ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་དེ་རིང་གི་བདེ་སྐྱིད་འཚོ་བ་འདི་ཐོབ་དཀའ་བར་ངེས་ཤེས་གསལ་བོ་ཡོད་པར་སྣེ་ཁྲིད་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་གོ་གུང་ཁྲན་ཏང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ལ་དྲིན་གཟོ་བྱས་ཏེ། རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་ལེན་གྱི་བསམ་བློ་མཐོར་འདེགས་སུ་བཏང་སྟེ། རིགས་སོ་སོའི་མི་རིགས་ཀྱི་མཉམ་དུ་འབད་བརྩོན་དང་མཉམ་དུ་ཡར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྤྱོད་ལེགས་འཇོན་མི་སྐྱོང་བ་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་བྱ་བར་ཤུགས་བསྣན་ནས། མྱུར་དུ་སློབ་གསོའི་མི་འདང་ས་ཁ་གསབ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེའི་སློབ་གསོར་ཤུགས་བསྣན་ནས།བྱིས་པ་མང་པོ་སྒོ་ཕྱིར་འགྲོ་བ་དང་གྲོང་ཁྱེར་དུ་སོང་ནས་དེང་རབས་སྤྱི་ཚོགས་ཁྲོད་འདྲེས་སུ་བཅུག་ཏེ། རྒྱལ་ཁབ་ཀྱི་གདུང་འདེགས་སུ་འགྱུར་བར་བྱེད་དགོས་ཞེས་བསྟན།

གཅན་ཚ་རྫོང་དུ། ཝུའུ་ཞའོ་ཅུན་བདེ་སྐྱིད་སྡེ་བ་དང་། སྣང་རའི་སྟོང་དཔོན་གྱི་གཞིས་ཀ གཙང་གསུམ་འབྱུང་ཡུལ་དབུལ་སྐྱོར་ཐོན་ལས་གླིང་། ཁམས་རའི་བོད་ཁྱིམ་གླིང་དང་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་སོགས་སུ་སོང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་གྲོང་གསེབ་དར་རྒྱས། དག་གཙང་ནུས་ཁུངས་འཕེལ་རྒྱས་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས། ཁོས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱས་ཏེ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོའི་བྱ་བ་སྤེལ་ནས། གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ནས། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་སྒྲུབ་པ་དང་།རིགས་སོ་སོའི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱེད་དགོས། དབུལ་སྐྱོར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་ཁྱོན་ཡོངས་ནས་གྲོང་གསེབ་དར་རྒྱས་གཏོང་བ་དང་ཕན་ནུས་ལྡན་པའི་མཐུད་སྦྲེལ་བྱེད་པར་སྐུལ་འདེད་བྱས་ཏེ་ཁྱད་ལྡན་ཐོན་ལས་གསོ་སྐྱོང་རྒྱ་ཆེར་གཏོང་དགོས་ལ། ཞིང་སྡེ་འཆར་འགོད་ལ་ཤུགས་བསྣན་ནས། རོང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་བསྣོན་བྱེད་དགོས། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་ཤུགས་བསྣན་ཏེ། རྒྱལ་ཁབ་ཀྱི་ཐན་རྩེར་སོན་དང་ཐན་སྙོམས་སྦྱོར་གྱི་དམིགས་འབེན་ལ་ཞབས་ཞུ་གང་ལེགས་བསྒྲུབ་དགོས་ལ། དག་གཙང་ཐོན་ལས་་ཀྱི་མཐོ་ས་བསྐྲུན་པར་བྱས་རྗེས་འཇོག་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།