མཚོ་སྔོན་ཞིང་ཆེན་གྱིས་སའི་གོ་ལའི་ཉིན་མོའི་རིམ་སྤེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ།

微信图片_20210423092345.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས22ཉིན་ནི་འཛམ་གླིང་སའི་གོ་ལའི་ཉིན་མོ་ཐེངས52པ་ཡིན། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས“སའི་གོ་ལར་གཅེས་སྤྲས་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས”བྱེད་པ་བརྗོད་དོན་གཙོ་བོར་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། སྤྱི་ཚོགས་སྤྱི་དམངས་ལ་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་འཛུགས་པ་དང་། ཡང་དག་པའི་རང་བྱུང་ཐོན་ཁུངས་ལྟ་བ་འཛུགས་པ། སའི་གོ་ལའི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱེད་པར་ཁྲིད་སྟོན་བྱས།

བྱེད་སྒོའི་ཡུལ་དངོས་སུ། ལྟ་སྐོར་བས་འདབ་ཆགས་ལ་ལྟ་བ་དང་མེ་ཏོག་ངོས་འཛིན་བྱེད་པ་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་གི་དངོས་རྫས་བཤམས་སྟོན་དང་། རང་བྱུང་ཐོན་ཁུངས་འགྲེམས་སྟོན། མཚོ་བོད་ས་མཐོའི་བརྙན་རིས་བརྙན་པར། དེ་བཞིན་སྲོག་ཆགས་དང་རྩི་ཤིང་གཏེར་རྫས་སྣ་ཚོགས་ཀྱི་དངོས་དཔེ་བཅས་ལ་ལྟ་སྐོར་བྱས་ཏེ། རང་སའི་ཉེ་འགྲམ་ནས་མཚོ་བོད་ས་མཐོའི་འབྱུང་ཁུངས་འགྱུར་ལྡོག་གི་བརྒྱུད་རིམ་ཁྲོད་ཀྱི་འགྱུར་ལྡོག་དང་གསང་བར་རོལ་མྱོང་བྱས།

སའི་གོ་ལའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོའི་གཟའ་འཁོར་རིང་། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་ཐིང་མ་ལག་ཏུ“སའི་གོ་ལར་གཅེས་སྤྲས་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དྲ་ཐོག་ཏུ་དྲིས་ལན་འདེབས་པའི་བྱ་དགའ་སྤྲོད་པའི་འགྲན་བསྡུར་བྱེད་སྒོ་སྤེལ་བ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྩ་འཛུགས་བྱས་ཏེ་ཞིང་ཆེན་རང་བྱུང་ཐོན་ཁུངས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱས་ཏེ་གྱེར་འདོན་དང་རྩོམ་བསྡུ། རི་མོ་འབྲི་བ། ཚན་རིག་ཁྱབ་གདལ་གློག་བརྙན་ལ་བལྟ་བ། འདབ་ཆགས་དང་མེ་ཏོག་ངོས་འཛིན་པ། ཆེད་མཁས་པ་གདན་དྲངས་ནས་སྐྱེ་ཁམས་དཔལ་ཡོན་དང་སའི་གོ་ལར་སྲུང་སྐྱོང་བྱེད་པའི་ཤེས་བྱ་སོགས་བརྗོད་དོན་གསལ་ཞིང་ནང་དོན་སྣ་མང་བའི་ཚན་རྩལ་ཁྱབ་གདལ་བྱ་འགུལ་སྤེལ། རང་བྱུང་ཐོན་ཁུངས་ཀྱི་རྒྱལ་ཁབ་གནས་ཚུལ་དང་རྒྱལ་ཁབ་སྲིད་ཇུས། རྒྱལ་ཁབ་བཅའ་ཁྲིམས་བཅས་དྲིལ་བསྒྲགས་བྱེད་པ་བརྒྱུད། རང་བྱུང་ཐོན་ཁུངས་ཀྱི་འདུ་ཤེས་གསར་པ་དང་། བྱེད་ཐབས་གསར་པ། ལག་རྩལ་གསར་པ་བཅས་ཁྱབ་གདལ་བཏང་ལ། སྤྱི་ཚོགས་ཡོངས་ཀྱིས་སའི་གོ་ལར་གཅེས་སྤྲས་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་ནང་ཧུར་ཐག་གིས་ཞུགས་པར་ཁྲིད་སྟོན་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།