མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་མཚམས་ཀྱི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ཞིབ་འཇུག་ལྟེ་གནས་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས21ཉིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་དང་ཀྲུང་ཙི་སྡེ་ཚོགས་སྐྱེ་ཁམས་ལག་རྩལ་ཞིབ་འཇུག་ཁང(པེ་ཅིན)ཚད་ཡོད་ཀུང་སི་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་གཞི་སྟེང་མིང་རྟགས་བཀོད་དེ། མཉམ་དུ་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ཞིབ་འཇུག་ལྟེ་གནས་བཙུགས། ལྟེ་གནས་གསར་དུ་ཚུགས་པ་དེས། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཐོན་ཁུངས་ལུགས་མཐུན་སྒོས་བེད་སྤྱོད་ཐད་ཆེད་ལས་རང་བཞིན་དང་ཚན་རིག་རང་བཞིན། མ་ལག་རང་བཞིན་གྱི་ཚན་རིག་ཞིབ་འཇུག་གྲུབ་འབྲས་དང་ཆེད་ལས་བསམ་འཆར་བཏོན་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཐོན་ཁུངས་ཚན་རིག་བེད་སྤྱོད་ཐད་བྱས་རྗེས་འཇོག་པར་བློ་གྲོསདང་སྟོབས་ཤུགས་འབུལ་བར་སྐུལ་འདེད་དང་། རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ཐད་ཉམས་མྱོང་མཁོ་འདོན་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ལྟེ་གནས་དེས་གཙོ་བོ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་མཚམས་ཀྱི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་སྒྲིག་སྲོལ་དང་འབྲེལ་ཡོད་འཆར་འགོད། དེ་མིན་ཞིབ་འཇུག་བྱ་གཞི་དང་ཚད་ལྡན་ཅན་གྱི་ལྟ་སྐུལ་ཚད་ལེན་མ་ལག་སོགས་འབྲེལ་ཡོད་ཞིབ་འཇུག་བྱེད་པ་ཡིན་ཞིང་། དེའི་ཁྲོད། ཀྲུང་ཙི་སྡེ་ཚོགས་སྐྱེ་ཁམས་ལག་རྩལ་ཞིབ་འཇུག་ཁང(པེ་ཅིན)ཚད་ཡོད་ཀུང་སིས་དུས་ཡུན་རིང་བོར་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན། རང་བྱུང་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན། སྲིད་ཇུས་དང་ལག་རྩལ་ཞིབ་འཇུག་ལ་དོ་སྣང་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཆར་འགོད་དང་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་འཆར་འགོད་སོགས་ཁྱབ་ཁོངས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།