མཚོ་སྔོན་ཞིང་ཆེན་གྱིས་དཔལ་ཡོན་བདེ་ཐང་དང་ལྗང་མདོག་ཁོར་སྲུང་གི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བརྗོད་དོན་དྲིལ་བསྒྲགས་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས21ཉིན།  མཚོ་སྔོན་ཞིང་ཆེན་རྒྱལ་གཅེས་འཕྲོད་བསྟེན་གཞུང་ལས་ཁང་དང་ཟི་ལིང་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་གཞུང་ལས་ཁང་གཉིས་ཀྱིས་མཉམ་སྒྲུབ་བྱས་པའི་ཐེངས33པའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བརྗོད་དོན་དྲིལ་བསྒྲགས་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་ཞིན་ཉིང་ཐང་ཆེན་དུ་སྤེལ།  ཟི་ལིང་གྲོང་ཁྱེར་རྒྱལ་གཅེས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་ཁུངས་དང་སྨན་བཅོས་ལས་ཁུངས་སོ་སོ།  ཆུས་སོ་སོའི་རྒྱལ་གཅེས་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས40ལྷག་བྱ་འགུལ་ནང་དུ་ཞུགས།

རྒྱལ་གཅེས་འཕྲོད་བསྟེན་ཟླ་བ་སྤེལ་བ་ནས་བཟུང་།  ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་གཅེས་འཕྲོད་བསྟེན་ལུས་སྦྱོང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཏེ།  ཐེངས33པའི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བའི་བྱ་འགུལ་གྱི་བརྗོད་དོན་བླང་བྱ་དང་ཟུང་འབྲེལ་བྱས་ནས།  “དཔལ་ཡོན་བདེ་ཐང་སེམས་སུ་འཇགས་པ”དང “ཐཱན་ཉུང་ཁོར་སྲུང་ལག་བསྟར་བྱེད་པ”།   “ལྗང་མདོག་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ”སོགས་ཀྱི་བྱ་འགུལ་གཙོ་གནད་དུ་བཟུང་ནས།  མི་དམངས་མང་ཚོགས་ལ་རྒྱུན་མཐུན་ངང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་བདེ་ཐང་ཤེས་བྱ་དྲིལ་བསྒྲགས།  དཔྱིད་དུས་ནད་ཡམས་བསྐྱེད་པའི་སྐྱེ་དངོས་ཀྱི་འགོག་སྲུང་སོགས་ཀྱི་རིམ་པ་མང་ཞིང་རྣམ་པ་ཕུན་སུམ་ཚོགས་པའི་རྒྱལ་གཅེས་འཕྲོད་བསྟེན་གྱི་བྱ་འགུལ་སྤེལ།  ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།