ལི་ཅེ་ཞང་གིས་ཀྲུང་གོའི་ཚོང་ལས་འཕུར་བསྐྱོད་ཀུང་སིའི་སྤྱི་གཉེར་བ་ཀྲའོ་ཡོས་རེང་དང་མཇལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་ཟི་ལིང་དུ་ཀྲུང་གོའི་ཚོང་ལས་འཕུར་བསྐྱོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་བ་ཀྲའོ་ཡོས་རེང་འཁོར་དང་བཅས་པར་མཇལ་བ་དང་། ཕྱོགས་གཉིས་ཀྱིས་མཚོ་སྔོན་གྱི་མཁའ་བསྐྱོད་སྐྱེལ་འདྲེན་ལས་དོན་འཕེལ་རྒྱས་མཉམ་ལས་ཐད་བརྗེ་རེས་བྱས་ཏེ་གཅིག་མཐུན་འདོད་བློ་བྱུང་། 

ལི་ཅེ་ཞང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚབ་བྱས་ཏེ་ཀྲའོ་ཡོས་རེང་འཁོར་དང་བཅས་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། དེང་སྐབས་མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པར་གྲོས་ཞིབ་དུ་ཞུགས་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་བཞིན་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་གཅིག་གྱུར་བྱས་ཏེ་མགྱོགས་མྱུར་སྒོས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་ས། བཙོག་མེད་བཅུད་ལྡན་ཞིང་ཕྱུགས་ཐོན་རྫས་སྐྱེལ་འདྲེན་ས་ཚིགས་བཅས་གསར་སྐྲུན་བྱེད་པའི་དུས་སྐབས་འདིར། རེ་བར་ཀྲུང་གོའི་ཚོང་ལས་མཁའ་འགྲུལ་ཀུང་སི་ནི་མཚོ་སྔོན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་འཛུགས་སྐྲུན་ཁྲོད་ཞུགས་ཏེ། མཐོ་སྒང་དུ་འཕུར་བསྐྱོད་ཚོད་ལྟ་བྱེད་པ་དང་མཐོ་སྒང་མཁའ་འགྲུལ་ལམ་ཐིག་བསྡུ་འགྲེམ་ལྟེ་གནས། མཁའ་འགྲུལ་མྱུར་སྐྱོབ། གཞི་རྩའི་མཁའ་འགྲུལ་ཞབས་ཞུ་སོགས་ཀྱི་ཐད་ཆུ་ཚད་མཐོ་བའི་མཉམ་ལས་རྒྱ་བསྐྱེད་དེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་འགན་སྲུང་མཁོ་འདོན་བྱེད་རྒྱུ་ཡིན་པའི་འདོད་ཚུལ་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།