སློབ་གསོ་པུའུ་ཡིས་བརྡ་ཐོ་གསར་བ་བཀྲམས་ནས་མཚོ་སྔོན་གྱི་ས་གནས་གཉིས་རྒྱལ་ཡོངས་ཀྱི་ཚོད་ལྟ་ཁུལ་དུ་འཆར་འགོད་གཏན་འབེབས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པར་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོ་ལ་ཤུགས་སྣོན་བྱ་ཆེད། འབྲེལ་ཡོད་བརྡ་ཐོས་བཀོད་སྒྲིག་ལྟར། སློབ་གསོ་པུའུ་ཡིས་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོ་ཚོད་ལྟ་ཁུལ་འདེམས་སྒུག་ལས་ཁུངས་ལ་ཞིབ་བཤེར་བྱས་པ་དང་། པེ་ཅིང་གྲོང་ཁྱེར་ཁྲེང་ཕིན་ཆུས་སོགས་རྫོང་དང་ཆུས96རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོ་ཚོད་ལྟ་ཁུལ་དུ་འཆར་འགོད་གཏན་འབེབས་བྱས་ལ། དེའི་ནང་མཚོ་སྔོན་གྱི་ས་ཁུལ་གཉིས་ཡོད་པ་དང་སོ་སོར་ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གཉིས་གྲས་སུ་ཚུད་ཡོད། 

སྔར་ལས་ལྷག་པར་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོ་ཐད་ཤུགས་སྣོན་བྱ་ཆེད། 《རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོ་ཚོད་ལྟ་ཁུལ་གདམ་གསེས་འོས་སྦྱོར་བྱེད་པའི་བརྡ་ཐོ》 (སློབ་གསོ་རྨང་གཞི་སིའི་ཡིག་ཆ〔2020〕ཨང47)ལྟར། སློབ་གསོ་པུའུ་ཡིས་ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོ་ཚོད་ལྟ་ཁུལ་འདེམས་སྒུག་ལས་ཁུངས་ལ་ཞིབ་བཤེར་བྱས་པ་དང་། པེ་ཅིང་གྲོང་ཁྱེར་ཁྲེང་ཕིན་ཆུས་སོགས་རྫོང་དང་ཆུས96རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོ་ཚོད་ལྟ་ཁུལ་དུ་གཏན་འབེབས་བྱས་པ་དང་། གཤམ་ནས་མིང་ཐོ་སྤྱི་བསྒྲགས་བྱེད་རྒྱུ་ཡིན་པ་དང་། སྤྱི་བསྒྲགས་བྱེད་པའི་སྐབས་སུ། ལས་ཁུངས་དང་མི་སྒེར་སུ་ཡིན་རུང་གཏན་འབེབས་འདིར་བསམ་འཆར་མི་མཐུན་པ་ཡོད་ཚེ། ཡིག་ཐོག་གི་ལམ་ནས་སློབ་གསོ་པུའུ་རྨང་གཞི་སློབ་གསོ་སི་ལ་དངོས་མིང་བཀོད་ནས་ཡར་ཞུ་བྱེད་དགོས་པ་མ་ཟད། བདེན་དབང་གི་རྒྱུ་ཆ་སོགས་འདོན་སྤྲོད་བྱས་ཏེ་ཞིབ་བསྡུར་ར་སྤྲོད་བྱེད་པར་སྟབས་བདེ་བཟོ་དགོས། 

སྤྱི་བསྒྲགས་བྱེད་པའི་དུས་ཚོད།

2021ལོའི་ཟླ4པའི་ཚེས21ཉིན་ནས་ཟླ4པའི་ཚེས28ཉིན་བར་ཡིན། 

ཡིག་བསྐུར་ས་གནས། 

པེ་ཅིང་གྲོང་ཁྱེར་མཁར་ནུབ་ཁུལ་ཞི་ཏན་ཏ་མུ་ཚང་སྲང་ལམ་ཨང37པའི་སློབ་གསོ་པུའུ་རྨང་གཞིི་སློབ་གསོ་སི། 

འབྲེལ་གཏུགས་ཁ་པར། 

010-66096919  66092062

གློག་རྡུལ་ཡིག་ཟམ།

dyc@moe.edcnu.

སློབ་གསོ་པུའུ་རྨང་གཞི་སློབ་གསོ་སི།

2021ལོའི་ཟླ4པའི་ཚེས21ཉིན། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།