མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་ཁག་སློབ་གསོའི་དག་ཐེར་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་ཁག་སློབ་གསོའི་དག་ཐེར་བྱ་བ་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཆབ་སྲིད་སྣེ་ཁྲིད་འབུར་ཐོན་དང་། འགནའཁྲི་ཤུགས་དྲག་ཏུ་གཏོང་བ། དམངས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ་པ་ལག་ལེན་དུ་བྱས་ཏེ། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཅེས་པའི་ལག་ལེན་བྱ་འགུལ་སྤེལ་ནས། སློབ་གསོའི་གོ་རིམ་གྱི་བསམ་བློའི་གྲུབ་འབྲས་དེ་འགན་འཁྲི་ཁུར་ཕོད་པ་དང་། རང་འགུལ་གྱིས་སྒྲུབ་པ། དམངས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ་པའི་ལག་ལེན་གྲུབ་འབྲས་སུ་བསྒྱུར་རྒྱུ་རེད།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་ཁྱིམ་ཐོའི་ལས་སྒྲུབ་བྱེད་སས་“ས་ཚིགས་གཅིག་ནས་ཞབས་ཞུ་སྒྲུབ་པ་དང་། སྒེའུ་ཁུང་གཅིག་ནས་ལས་སྒྲུབ་དང་ལེན། སྟེགས་བུ་གཅིག་མཉམ་སྤྱོད”བཅས་བྱས་ཏེ། “རྩ་གསུམ་ཨང་བཤེར”གྱི་རིག་ནུས་ཁྱིམ་ཐོ་ལས་སྒྲུབ་དང114སྔོན་མངགས་ཐོ་འགོད་བྱེད་པའི་ཁ་པར་གཏོང་བ། དྲ་ཐོག་ཐོ་འགོད། ཨང་བཤེར་བརྒྱུད་དེ་ཐོ་འགོད་བྱེད་པ། ཐོབ་ཐང་ལག་འཁྱེར་སྦྲག་བསྐུར། མིའི་ངོ་གདོང་ངོས་ལེན་མ་ལག་སོགས་ལས་གཉེར་བཏོན་པ་དང་། ལས་སྒྲུབ་ཚོམས་ཆེན་དུ་“བགྲེས་སོང་གི་སྔོན་ལ་ཞབས་ཞུ་སྒྲུབ་ས”སྒྲིག་འཛུགས་བྱས་པ་དང་།གཟའ་མཇུག་ཏུ་དམངས་ལ་སྟབས་བདེ་བསྐྲུན་པའི་ལས་སྒྲུབ་སྒེའུ་ཁུང་སྒྲིག་འཛུགས་བྱས་ཏེ། སྔོན་ལ་ཐོ་འགོད་བྱེད་པའི་རྣམ་པ་འཐུས་ཚང་དུ་བཏང་སྟེ་མང་ཚོགས་ལ་སྟབས་བདེ་སྐྲུན། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་གི་དངོས་ཡོད་བྱེད་སྟངས་ཀྱིས་སློབ་གསོའི་དག་ཐེར་སློབ་སྦྱོང་གྲུབ་འབྲས་དོན་འཁྱོལ་བྱས་ཤིང་། དམངས་འཚོའི་ཁྱབ་ཁོངས་སུ་སོ་ལོ་བསྲེགས་ནས་མཁའ་དབུགས་སྦག་བཙོག་གི་སྤྱི་ཕན་ཞུ་གཏུགས་ཆེད་སྤྱོད་ལྟ་སྐུལ་བྱ་འགུལ་སྤེལ་ཞིང་། དྭངས་གཙང་གི་དགུང་སྔོན་ལ་སྲུང་སྐྱོབ་བྱས་ཏེ། “ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང”གི་སྤྱི་ཕན་ཞུ་གཏུག་ཆེད་སྤྱོད་བྱ་འགུལ་སྤེལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་ཁྲིམས་ལས་ཁུངས་སོ་སོས་བཞུགས་མོལ་ཚོགས་འདུ་བསྡུ་བ་དང་། གཞི་རིམ་དུ་སོང་ནས་དམངས་ཀྱི་འདོད་བློ་ལ་རྒྱུས་ལོན་བྱེད་པ་སོགས་ཀྱི་རྣམ་པས་མང་ཚོགས་ཀྱི་དགོས་མཁོར་རྒྱུས་ལོན་བྱས་ཏེ། ཁྲིམས་འཛིན་ཅུས་ཀྱིས་དམངས་ཕན་དང་དམངས་བདེའི་བྱེད་ཐབས་སྣ12བཏོན་ཏེ། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”པའི་ཁྲིམས་ལུགས་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ། 

དུས་མཚུངས་སུ། རྨ་ལྷོ་དང་མགོ་ལོག ཡུས་ཧྲུའུ་སོགས་ས་གནས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་མང་ཚོགས་ལ་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས་པ་མ་ཟད་དམངས་ཀྱི་འདོད་བློར་རྒྱུས་ལོན་བྱས། སྤྱི་བདེ་ལས་ཁུངས་ཀྱིས་ཤང་དང་གྲོང་རྡལ་དུ་སོང་ནས“ཉེན་རྟོག་པ་དང་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ། རང་གཞན་ཀུན་ལ་ལྷག་བསམ་གཙང་མས་སེམས་ཁུར་བྱེད”ཅེས་པའི་ཁ་གཏད་གཉེན་ཉེ་ངོས་འཛིན་གྱི་བྱ་འགུལ་སྤེལ། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།