མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས62པ་བསྡུས་ཏེ།《ཀྲུང་གུང་ཀྲུང་དབྱང་གིས་“མགོ་ཁྲིད་དང་པོ”དང་མགོ་ཁྲིད་རྩ་འཛུགས་ལྟ་སྐུལ་ལ་ཤུགས་བསྣོན་བྱེད་པའི་སྐོར་གྱི་བསམ་འཆར》དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྲ་གཟུགས་སྙིགས་དངོས་ཀྱི་ཁོར་ཡུག་སྦག་བཙོག་འགོག་བཅོས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་། དེ་མིན་རྨ་ཆུའི་སྲུང་སྐྱོབ་ཁྲིམས་འཛུགས་བྱ་བའི་རྟོག་ཞིབ་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་བཀོད་སྒྲིག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་མཱ་ཝེ། ཏང་ཙུའུ་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ཉའོ་ཁྲུན་ཡུན། ཝུའུ་ཧའེ་ཁུན། ཏང་ཙུའུ་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་སུ་ཞུགས་པ་དང་། ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་ཟུར་ཞུགས་གནང་།

གྲོས་ཚོགས་ལས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་མུ་མཐུད་དུ་མཐོ་རུ་བཏང་ནས། སྤྱི་ཡོངས་ཀྱི་མཐོ་ཚད་ནས་“མགོ་ཁྲིད་དང་པོའི”རྩ་འཛུགས་ལྟ་སྐུལ་གྱི་གལ་ཆེན་རང་བཞིན་དང་དམ་དྲག་རང་བཞིན་ལ་ངེས་ཤེས་ཡོད་དགོས། ཏན་ཏིག་གིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལག་ལེན་དོན་འཁྱོལ་དང་། ཁྱོན་ཡོངས་ནས་ལྟ་སྐུལ་གྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་དམ་འཛིན་བྱས་ཏེ་གནད་འགག་གི་གྲངས་ཉུང་ལ་དོ་དམ་ལེགས་པོ་བྱེད་དགོས། མུ་མཐུད་དུ་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་གཉིས་གཅིག་གྱུར་བྱས་ནས། ཏང་རྩ་འཛུགས་ལྟ་སྐུལ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ། སྡེ་ཁག་ལྟ་སྐུལ་དང་གཞི་རིམ་ཏང་རྩ་འཛུགས། དེ་མིན་མང་ཚོགས་ཀྱི་ལྟ་སྐུལ་བཅས་མཐུན་སྦྱོར་བྱས་ཏེ། མི་དང་ལས་དོན་ལ་དོ་དམ་བྱེད་པ་གཉིས་གཅིག་གྱུར་གྱི་མཉམ་ཤུགས་ཆགས་སུ་བཅུག་ནས་ལྟ་སྐུལ་གྱི་ཕན་ནུས་མཐོ་རུ་གཏོང་དགོས། མུ་མཐུད་དུ་ལྟ་སྐུལ་གྱི་སྒྲིག་སྲོལ་འཐུས་ཚང་དང་ཁྲིམས་ལུགས་ལག་བསྟར་གྱི་སྒྲིག་སྲོལ་གཟབ་ནན་བྱས་ནས། ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་ཞིག་གསར་སྐྲུན་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་ཁྲིམས་སྐྱོང་བསམ་བློ། དེ་མིན་སྦག་བཙོག་འགོག་བཅོས་མཁྲེགས་གཏོར་གྱི་བླང་བྱ་གལ་ཆེན་བཅས་ལ་སློབ་སྦྱོང་བྱས་ནས། གང་མགྱོགས་ཀྱིས་ཇུས་གཞི་འཐུས་ཚང་དུ་བཏང་སྟེ་རང་ཞིང་གི་སྲ་གཟུགས་སྙིགས་རོའི་ཁོར་ཡུག་སྦག་བཙོག་འགོག་བཅོས་ཁྲིམས་ལུགས་ལག་བསྟར་ཞིབ་བཤེར་བྱ་བ་མགོ་རྩོམ་དགོས་པ་དང་། ཞིབ་བཤེར་དང་གཙོ་གནད་ས་ཁུལ་དུ་གཙོ་གནད་ལས་གཞི་དང་ནང་དོན་ཡོད་པར་བྱས་ནས། ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས། ཏན་ཏིག་གིས་རྨ་ཆུའི་སྲུང་སྐྱོང་ཁྲིམས་འཛུགས་གྲོས་ཚོགས་ཀྱི་དགོངས་དོན་དང་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། རང་ཞིང་གི་ཁྲིམས་འཛུགས་ཁྲོད་ཀྱི་གནས་ཚད་གཏན་འཁེལ་དང་གནད་འགག་དམ་འཛིན་བྱེད་པ། འགག་སྒོ་སྔོན་དུ་བསྣུར་བ། སྔོན་ལ་བྱ་བའི་ཁྲོད་འདྲེས་པར་བྱས་ནས། རང་ཞིང་གི་རྨ་ཆུའི་མགོ་ཁུངས་ཀྱི་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ཀྱིས་ད་དུང་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་བའི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བགྲོ་གླེང་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།