མཚོ་སྔོན་པོའི་འགྲམ་གྱི་བུད་མེད་རྐང་གྲུག་རུ་ཁག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཚོ་སྔོན་པོ་མི་རིགས་བཅའ་སྡོད་སློབ་གྲྭའི་རྩལ་སྦྱོང་ར་བའི་ནང་དུ། བུད་མེད་རྐང་གྲུག་རུ་ཁག་གི་རུ་མི་ཚོས་རྐང་གྲུག་སྦྱོང་བརྡར་བྱེད་བཞིན་ཡོད། སློད་གྲྭ་འདིའི་བུད་མེད་རྐང་གྲུག་རུ་ཁག་ལ་སློབ་ཆུང་ཚོ་ཆུང་དང་དམའ་འབྲིང་ཚོ་ཆུང་གཉིས་ཡོད་ལ་རུ་མི53ཡོད་པ་དང་། ཚང་མ་བོད་རིགས་བུ་མོ་ཏག་ཏག་ཡིན། 

པར་འདི་དག་ནི་བུད་མེད་རྐང་གྲུག་རུ་ཁག་གི་རུ་མི་ཚོས་སྦྱོང་བརྡར་བྱེད་བཞིན་པའི་རྣམ་པ་རེད། 

དགེ་རྒན་རྡོ་རྗེ་རིན་ཆེན་གྱིས་བཤད་ན། བྱིས་པ་འདི་དག་གི་གཟུགས་གཞི་བཟང་ལ། རྐང་གྲུག་སྦྱོང་བརྡར་གྱིས་བྱིས་པ་ཚོའི་དགའ་ཕྱོགས་སྐྱེད་སྲིང་བྱེད་ཐུབ་པ་མ་ཟད། བྱིས་པ་ཚོ་ཡང་བློ་ཁོག་ཡངས་པ་དང་ཡིད་ཆེས་ལྡན་པར་གྱུར་ཡོད་ཟེར། ། 

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།