ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས19ཉིན། ཟི་ལིང་གྲོང་ཁྱེར་ན་གཞོན་ལོ་ཆུང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་དེ་ཐོག་དང་པོར་མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་དུ་སྒོ་བྱང་བཀལ་བ་དང་། དེའི་ཐོག་ནས་ཟི་ལིང་གྲོང་ཁྱེར་གྱིས་ལུས་རྩལ་དང་སློབ་གསོ་ཉམ་འདྲེས་ཀྱི་ཐབས་ལམ་གསར་བ་རྙེད་པ་མཚོན་ཞིང་། ན་གཞོན་ལོ་ཆུང་དག་གི་ལུས་རྩལ་གྱི་སྤྱི་བའི་ཞབས་ཞུའི་མ་ལག་ལ་སྔར་ལས་སྐུལ་འདེད་དང་། ལུས་རྩལ་གྱི་འཇོན་ཐང་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་སྣོན་བྱས།
ཉེ་བའི་ལོ་འགའི་རིང་། ཟི་ལིང་གྲོང་ཁྱེར་ན་གཞོན་ལོ་ཆུང་ལུས་རྩལ་བྱ་གཞག་དེ་ཞིང་ཆེན་ལུས་རྩལ་ཅུའུ་དང་སློབ་གསོ་སྡེ་ཁག་གི་རྒྱབ་སྐྱོར་འོག་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། རྒྱ་ཆེའི་ན་གཞོན་ལོ་ཆུང་དག་གི་ལུས་རྩལ་གྱི་དགའ་སྣང་ཉིན་རེ་བཞིན་རྒྱ་བསྐྱེད་དུ་བཏང་ནས། སྦྱོང་བརྡར་གྱི་འདུ་ཤེས་ཇེ་བརྟན་དང་ལུས་པོའི་སྤུས་ཚད་སྔར་ལས་མཐོར་འདེགས་སུ་བཏང་། དེ་དང་ཆབས་ཅིག་ཟི་ལིང་གྲོང་ཁྱེར་གྱིས་རིམ་པ་གོང་མའི་ཆེད་ལས་ལུས་སྦྱོང་རུ་ཁག་དང་སྦྱོང་བརྡར་རྟེན་གཞི་ལ་ཕུལ་བྱུང་ཅན་གྱི་ལུས་རྩལ་འཇོན་མི་སྐོར་ཁག་ཅིག་འདོན་སྤྲོད་བྱས་པ་དང་། ཁོང་ཚོས་རང་ཉིད་ཀྱི་རྣམ་གྲངས་ཁྱབ་ཁོངས་དང་རྒྱལ་ཡོངས། ཐ་ན་འཛམ་གླིང་ཡོངས་ཀྱི་འགྲན་བསྡུར་སྟེགས་བུར་སྟེང་དུ། མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་འགྲན་སློང་གི་སྙིང་སྟོབས་དང་རང་ཉིད་ལ་ཡིད་ཆེས་ཀྱི་ཁེངས་པའི་མཐོ་སྒང་གི་ལུས་རྩལ་གྱི་རྣམ་པ་མངོན་ཡོད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཟི་ལིང་གྲོང་ཁྱེར་ན་གཞོན་ལོ་ཆུང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་གཙང་གསུམ་མི་རིགས་སློབ་འབྲིང་དུ་གནས་སྤར་བ།