ཏང་གི་ལོ་རྒྱུས་སློབ་གསོ་སྤེལ་བར་གསར་གཏོད་ལ་གཞོལ་དགོས་པ་མ་ཟད་སེམས་སུ་འཇགས་པར་བྱེད་དགོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ན་གཞོན་ལས་བྱེད་པ་དག་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ངང་ཁྱབ་གདལ་གཏོང་བ་དང་།  ན་གཞོན་ལས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁྲོད་ཀྱི་མཉམ་འགུལ་དང་ཞུགས་ཚད་མཐོར་འདེགས་སུ་གཏོང་བ། ན་གཞོན་ལས་བྱེད་པས་ཏང་གི་ལོ་རྒྱུས་ཁྲོད་ཐོག་མའི་འགན་འཁྲི་ལ་ཤེས་རྟོགས་བྱེད་པར་སྣེ་ཁྲིད་བྱེད་ཆེད།  ལག་བསྟར་ལ་གཞོལ་ནས་འགན་འཁྲི་ཁུར་ཕོད་དགོས། ཟླ4བའི་ཚེས15ཉིན།  གུང་གཞོན་ཚོགས་པའི་མཁར་བྱང་ཁུལ་ཨུའི་མཉམ་འབྲེལ་ཁུལ་གྱི་ཤེས་ལྡན་མི་སྣའི་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཟློས་གར་གླིང་དུ“ཏང་གི་ལོ་རྒྱུས་འཁྲབ་པ་དང་ཐོག་མའི་བསམ་འདུན་མི་བརྗེད་པ”ཞེས་པའི་གསར་བརྗེའི་ཟློས་གར་རོལ་མྱོང་བྱེད་པའི་བྱ་འགུལ་སྤེལ་བ་དང་།  ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པ40ལྷག་བྱ་འགུལ་ནང་ཞུགས།

བྱ་འགུལ་ནང་ཏང་གི་སློབ་ཁྲིད་ཐུང་གྲས་དང་གསར་བརྗེའི་ཟློས་གར་སྦྱོང་བརྡར་གྱི་རོལ་མྱོང་ཟུང་འབྲེལ་བྱས་ཏེ།  ལས་ཁུངས་ཁག་གི་ན་གཞོན་ལས་བྱེད་པ40ལྷག་སོ་སོར་འགྲེལ་བཤད་པ་དང་འཁྲབ་སྟོན་མི་སྣ།  གླུ་པ་སོགས་ཀྱི་ཚན་ཆུང་བགོས་ནས།  གཏམ་བརྗོད་ཟློས་གར《མཐོ་རིམ་གྱི་ཚེ་སྲོག》ཞེས་པ་འཁྲབ་སྟོན་བྱས་པ་དང་།  དམར་དམག་རྒྱང་སྐྱོད་ཀྱི་སྡེ་བ་དང་པོའི་མཚན་སྙན་ཐོབ་པའི་ཁྲང་ཐིང་རྫོང་ཀྲུང་ཧྥུའུ་སྡེ་བའི་ན་གཞོན་དག་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་དམག་དཔུང་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ལ།  ཤི་གསོན་འཕྲད་ཀྱང་བློ་བརྟན་འགྱུར་མེད་དང་།  དད་སེམས་དང་ཕུགས་འདུན་གྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པའི་དཔའ་བོའི་སྣང་བརྙན་གསོན་ཉམས་དོད་པོས་མཚོན་པར་བྱས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།