པད་མ་རྫོང་མི་དམངས་ཁྲིམས་ཁང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འབྲེལ་འདྲིས་ས་ཚིགས་ཀྱི་སྒོ་བྱང་བཀལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བོའི་ཚེས13ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་མི་དམངས་ཁྲིམས་ཁང་གི་སྐོར་བསྐྱོད་འདྲི་གཅོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འབྲེལ་འདྲིས་ས་ཚིགས་སྡི་མདའ་ཤང་དུ་སྒོ་བྱང་བཀལ། དེས་མཐའ་འཁོབ་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱི་ཞུ་གཏུག་དཀའ་བའི་གནད་དོན་ཐག་གཅོད་བྱས་ཤིང་།“མང་ཚོགས་ཡར་མར་འདུར་རྒྱུག་བྱེད་མི་དགོས་པ་དང་། ཁྲིམས་དཔོན་གྱིས་ཐག་གཅོད་བྱེད་པར་བྱས།”

པད་མ་རྫོང་མི་དམངས་ཁྲིམས་ཁང་གི་སྐོར་བསྐྱོད་འདྲི་གཅོད་ས་ཚིགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འབྲེལ་འདྲིས་ས་ཚིགས་གསར་དུ་བཙུགས་པ་དེ་ནི། ཁོར་ཡུག་ཐོན་ཁུངས་གྱོད་དོན་གཅིག་བསྡུས་སྒོས་ཞིབ་བཤེར་ཐག་གཅོད་བྱེད་པའི་འཚོལ་ཞིབ་ཞིག་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མངའ་ཁོངས་ཀྱི་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་སྣ་མང་ཅན་བཅོས་སྐྱོང་བྱེད་པའི་གསར་གཏོད་ཀྱི་ཐབས་ལམ་ཞིག་ཀྱང་ཡིན་པས། ཁོར་ཡུག་ཐོན་ཁུངས་སྲིད་འཛིན་གྱི་ཁྲིམས་ལུགས་ལག་བསྟར་དང་། ཁྲིམས་འཛིན་འདྲི་གཅོད་བྱ་བའི་ཕན་ནུས་ལྡན་པའི་སྦྲེལ་མཐུད་ལ་ཤུགས་བསྣོན་བྱེད་པར་ཕན་ཞིང་། མཐུན་སྦྱོར་མཉམ་འབྲེལ་དང་ཁྲིམས་ལུགས་ལག་བསྟར་གྱི་སྣ་མང་ཅན་གྱི་བཅོས་སྐྱོང་སྒྲིག་སྲོལ་གསར་འཛུགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རིགས་ཀྱི་གྱོད་དོན་འདྲི་གཅོད་དེ་ཁྲིམས་སྐྱོང་སློབ་ཁྲིད་ཐེངས་ཤིག་ཏུ་འགྱུར་བར་བྱེད་པ་དང་། སྐོར་བསྐྱོད་འདྲི་གཅོད་བྱེད་ས་དེ་འཁོར་རྒྱུགས་ཀྱི་གྱོད་དོན་སྒྲུབ་པའི་སྟེགས་བུ་ཞིག་ཏུ་གསར་སྐྲུན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།