ཀྲང་ཀོང་རོང་གིས་མཚོ་བོད་མཐོ་སྒང་གི་ནོར་ནག་ཐོན་ལས་ཁང་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞིང་ཆེན་གྱི་འགོ་ཁྲིད་པས་མཉམ་འབྲེལ་འགན་ལེན་བྱས་པའི་རྣམ་གྲངས་གལ་ཆེན་གྱི་ཇུས་གཞི་གཞིར་བཟུང་ནས། ཟླ4བའི་ཚེས16་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་མཚོ་ཤར་གྲོང་ཁྱེར་གྱི་མཚོ་བོད་མཐོ་སྒང་གི་ནོར་ནག་ཐོན་ལས་ཁང་དུ་ཆེད་དོན་རྟོག་ཞིབ་བྱས་ནས་ཐོན་ལས་ཁང་གི་རྣམ་གྲངས་དང་བྱ་བའི་འཕེལ་རིག་སྤྱིའི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཀྲང་ཀོང་རོང་གིས་བསྟན་དོན། ནོར་ནག་ནི་མཚོ་བོད་མཐོ་སྒང་ཁོ་ནར་ཡོད་པའི་ཕྱུགས་རིགས་ཀྱི་ཐོན་ཁུངས་ཡིན་ལ། རང་རེའི་ཞིང་ཆེན་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་གདུང་འདེགས་ལྟ་བུ་དང་དམངས་ཕྱུག་བསྒྱུར་གྱི་ཐོན་ལས་ཤིག་ཡིན་པ་རེད། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ནོར་ནག་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་གཙིགས་ཆེན་གནང་བ་དང་མུ་མཐུད་དུ་ཚད་མཐོའི་ཇུས་འགོད་བྱེད་པ། མཐོ་སྒང་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ནོར་ནག་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ་དང་ལྷག་པར་ནོར་ནག་ཐོན་ལས་འཕེལ་རྒྱས་ཐད་ཀྱི་ལོ་གསུམ་གྱི་འགུལ་སྤྱོད་འཆར་གཞི་ཕྱོགས་ཡོངས་ནས་མགོ་རྩོམ་དགོས། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་བཀོད་སྒྲིག་གི་འཕེལ་རྒྱས་གོ་སྐབས་དང་དམ་དུ་སྦྲེལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཕྱུགས་ལས་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་ཁྱད་ཆོས་ལྡན་ཞིང་སྤུས་ཚད་མཐོ་ལ། འགྲན་རྩོད་ཀྱི་ནུས་པ་ལྡན་པའི་ནོར་ནག་ཐོན་ལས་ཀྱི་བརྟེན་གཞི་འཛུགས་སྐུན་བྱེད་དགོས།

ཀྲང་ཀོང་རོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་ཚན་རིག་གི་རམ་འདེགས་ལ་ཤུགས་སྣོན་པ། སྐྱེ་ཁམས་སྲུང་སྐྱོབ་ལ་གཙིགས་ཆེན་བྱེད་པ། ཚོང་རྟགས་དང་སྤུས་ཚད་དང་པོར་འཇོག་པ་མཐའ་འཁྱོངས་བྱས་ཏེ་ཚོང་རྟགས་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་འབུར་ཐོན་འབྱུང་བར་བྱེད་དགོས། ཚོང་རའི་རྟོག་ཞིབ་ལ་ཤུགས་སྣོན་པ་དང་ཚོང་རའི་ཆོས་ཉིད། དཔལ་འབྱོར་ཆོས་ཉིད། རིན་ཐང་གི་ཆོས་ཉིད། ཐོན་ལས་ཀྱི་ཆོས་ཉིད་ལ་བརྩི་མཐོང་བྱས་ཏེ། ཁེ་ལས་ཀྱི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ་དང་ཚོང་ར་དང་ཐོན་རྫས་ཟུང་འབྲེལ་བྱས་ནས་ཚོང་རའི་སྣེ་ཁྲིད་ཀྱི་ནུས་པ་བེད་སྤྱོད་དང་འདོན་སྤེལ་གང་ལེགས་བྱེད་དགོས། ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་སྲེད་ཇུས་ཐད་ཀྱི་རོགས་རམ་དང་རྒྱབ་སྐྱོར་ལ་བརྩོན་ལེན་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།