མཚོ་སྔོན་ཞིང་ཆེན་གྱིས“4·19”ལོག་ཆོས་ལ་རྒོལ་བའི་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་དང་ཞིང་ཆེན་སྤྱི་བདེ་ཐིང་གིས་མཉམ་འབྲེལ་ཐོག བརྗོད་དོན་ལ“ཚན་རིག་དང་ཡ་རབས་དར་སྤེལ་བཏང་ནས་དཔའ་ངར་ཆེན་པོས་ལོག་ཆོས་ལ་རྒོལ་བའི་གདོང་མཆོང་བྱེད”ཅེས་པའི་ཞིང་ཆེན་ཡོངས་ཀྱི་སྐབས་གསུམ་པའི་ལོག་ཆོས་ལ་རྒོལ་བའི་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ཚོགས་ར་གཙོ་བོ་ཟི་ལིང་གྲོང་ཁྱེར་ལྟེ་བའི་ཐང་ཆེན་དུ་བཙུགས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱིས་དུས་མཉམ་དུ་དྲིལ་སྒྲོག་བྱས།  

ས་གནས་སོ་སོས་རྣམ་པ་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པ། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་དྲིལ་སྒྲོག་བྱེད་ཐབས་སྤྱད་དེ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ལོག་ཆོས་ལ་རྒོལ་བའི་དྲིལ་སྒྲོག་ཚ་རླབས་ཤིག་མགྱོགས་མྱུར་འཕྱུར་བ་རེད། ཚོགས་ར་གཙོ་བོའི་ཡུལ་དངོས་སུ། ལས་དོན་མི་སྣས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། འགྲེམས་པང་འགྲེམས་པ། ལོག་ཆོས་ལ་རྒོལ་བའི་དྲིལ་སྒྲོག་དཔྱད་གཞི་སྤྲོད་པ་བཅས་བརྒྱུད། མང་ཚོགས་ལ་ལོག་ཆོས་ཀྱི་ཁྱད་ཆོས་གཙོ་བོ་དང་གནོད་འཚེ། རྒྱལ་ཁབ་ཀྱིས་ལོག་ཆོས་རྩ་འཛུགས་མེད་པར་བཟོ་བའི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ། ལོག་ཆོས་དང་ཆོས་ལུགས་ཀྱི་ཁྱད་པར་སོགས་དྲིལ་སྒྲོག་བྱས། མི2000ལྷག་ཡུལ་དངོས་སུ་ལོག་ཆོས་ལ་རྒོལ་བར་མིང་རྟགས་འགོད་པའི་བྱེད་སྒོའི་ནང་ཞུགས་པས་མང་ཚོགས་ཞུགས་པའི་སྤྲོ་སེམས་རབ་ཏུ་འཕེལ་ཡོད།  དུས་མཚུངས་སུ། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་སྡེ་ཁུལ་དང་གྲོང་རྡལ། གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་བཅས་སུ་བསྐྱོད་ནས་གྲོང་ཚོའི་དུད་ཚང་དུ་མང་ཚོགས་ཚོར་ལོག་ཆོས་ལ་ངོ་རྒོལ་བྱེད་དགོས་པའི་ཤེས་བྱ་འགྲེལ་བཤད་བྱས་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་། “ཁྱིམ་ཚང་གིས་ལོག་ཆོས་དང་ལེན་མི་བྱེད་པའི་ཁས་ལེན་ཡི་གེ”ལ་མིང་རྟགས་བཀོད་པ་དང་། དྲིལ་བསྒྲགས་དཔྱད་ཡིག་ཁྲི8ལྷག་སྤྲད་ཅིང་། སྒྲོག་འགྲེལ་བྱེད་སྒོ་སྣ་ཚོགས་ཐེངས20ལྷག་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་ལོག་ཆོས་དབྱེ་འབྱེད་དང་དོགས་ཟོན་བྱེད་པའི་ནུས་པ་ཆེ་རུ་བཏང་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།