མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་དུ་ཝ་དྲུག་མཉམ་དུ་ཡོད་པའི་པར་བླངས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན། གསར་འགོད་པས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་དུས། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་སྟག་ལུང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱིས་ཕྱི་རོལ་དུ་བསྡུ་ལེན་བྱས་པའི་དམར་ཕྱིའི་པར་ཆས་ཀྱི་གྲངས་གཞིའི་ཁྲོད་ནས་ཝ་སྐོར་ཞིག་གིས་ཕྲུ་གུ་གཉོར་སྐྱོང་བྱེད་ཀྱིན་པའི་བརྙན་རིས་རྩ་ཆེན་ཞིག་རྙེད། 

བརྙན་རིས་ཁྲོད་ཝ6མཉམ་དུ་ཡོད་ལ། ཝ་མོ་ཞིག་གིས་འགྲམ་དུ་དོགས་ཟོན་ཆེན་པོས་ལྟ་སྲུང་བྱེད་ཀྱིན་ཡོད་པ་དང་། ཝ་ཕྲུག5རྩེད་འཇོར་རོལ་གྱིན་ཡོད། ཝ་ཕྲུག་དག་ཤིན་ཏུ་སྙིང་རྗེ་བ་དང་རང་བྱུང་ཁམས་ཆེན་མོར་ཡ་མཚན་སྐྱེ་ཞིང་ཅི་འདོད་དུ་རྩེད་མོ་རྩེ་བཞིན་ཡོད་པས། དྲོ་སྐྱིད་ཀྱིས་ཁེངས་པའི་རྣམ་པ་ཞིག་མིག་ལམ་དུ་བསྐྱལ་ཡོང་། 

ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཝ་མོར་མངལ་སྦྲུམ་ཡུན་ནི་ཟླ2པ་ནས3གྱི་བར་ཡིན་པ་དང་། ཟླ3པ་ནས4པའི་བར་ས་ཁུང་ངམ་སྡོང་ཁུང་ནང་ཕྲུ་གུ་སྐྱེ་གིན་ཡོད། སྤྱིར་བཏང་དུ་མངལ་རེར་ཕྲུ་གུ5ནས་6བར་ཡོད་ལ། ཆེས་མང་དུས་ཕྲུ་གུ13ཡོད། ཝ་ཕྲུག་སྐྱེ་བའི་དུས་སུ་ཝ་རྒན་ཝ་མོའི་འཁྲིས་སུ་སྡོད་ཀྱིན་ཡོད། བཙས་མ་ཐག་གི་ཝ་ཕྲུག་གི་སྤུ་མདོག་ནག་ཅིང་ཐུང་ལ། གཉོམ་ཆུང་ཤུགས་མེད་ཅིག་ཡིན། གཟུགས་པོའི་ལྗིད་ཚད་ཁེ60ནས90བར་ཟིན་ཡོད། བཙས་རྗེས་ཀྱི་ཉིན14ནས་ཉིན18འགོར་དུས་གཞི་ནས་མིག་ཁ་ཕྱེས་པ་ཡིན། དུས་དེའི་ནང་ཝ་མོས་ཞིབ་ཚགས་སྒོས་ཕྲུ་གུ་རྣམས་གཉོར་སྐྱོང་བྱས་ནས་ཁ་མི་བྲལ། བཟའ་བཅའ་ཝ་རྒན་གྱིས་མཁོ་སྤྲོད་བྱེད། ཉིན45ཡི་རིང་ལ་ནུ་མ་བསྣུན་གྱིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།