མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུ་ཕྱོགས་ཡོངས་ནས་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཅུས་ནས་རྒྱུས་ལོན་པ་ལྟར་ན། ཟླ4པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུ་དེ་ཞིང་ཆེན་ཡོངས་སུ་ཤར་གཏོང་བྱས་ཏེ་འཁོར་སྐྱོད་བྱེད་མགོ་བརྩམས། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུའི་ལས་སྒོ་བྱེད་ནུས་རིམ་པ་ཡོངས་འཐུས་ཚང་ངང་ཤར་གཏོང་བྱས་པ་མ་ཟད་ཞིང་ཆེན་ནང་ཁུལ་དུ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་པའི་ཞིང་ཆེན་ཐོག་མར་གྱུར།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུར་བསྡོམས་པས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གནས་ཁེལ་སྨན་བཅོས་ལས་ཁུངས3360ཁེབས་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཁྲོད་ཞུགས་པའི་མི་ཁྲི563.26ལ་སྔར་ལས་རིག་ནུས་དང་སྟབས་བདེ། ལས་ཆོད་ཆེ་བའི་སྨན་བཅོས་འགན་སྲུང་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་ཡིན་པ་མ་ཟད། སྨན་བཅོས་འགན་སྲུང“གློད་སྡོམ་ཞབས་གསུམ”བཅོས་བསྒྱུར་གཏིང་ཟབ་དུ་སྤེལ་བ་དང་། “གཞི་གྲངས་ཀྱི་འགྲོ་ལུགས་མང་པོ་སྒྲུབ་པ་དང་། མང་ཚོགས་ལ་སྟབས་བདེ་ངེས་ཅན་བཟོ་བ”མངོན་འགྱུར་བྱེད་པར་རྨང་གཞི་བཏིངས། སྟེགས་བུ་ཤར་གཏོང་བྱས་པ་དེས་རྒྱལ་ཡོངས་གཅིག་གྱུར་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུ་མཚོ་སྔོན་དུ་དོན་དངོས་རང་བཞིན་གྱི་གཞི་ཚུགས་ཏེ་བེད་སྤྱོད་བྱས་ཏེ། སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་དོན་ཚད་ལྡན་ཅན་དང་། ཞིབ་ལས་ཅན། གཅིག་དྲིལ་ཅན་གྱི་དུས་རིམ་གསར་བར་སླེབས་པ་མཚོན།

དེ་དང་ཆབས་ཅིག སྟེགས་བུ་དེས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་སྟེགས་བུ་དང་། ལས་སྒོའི་ཨང་སྒྲིག་ཚད་གཞི། སྨན་བཅོས་འགན་བཅོལ་ཚད་གཞི། སྨན་བཅོས་འགན་སྲུང་ཞབས་ཞུ་བྱ་སྤྱོད་ལྟ་སྐུལ། སྨན་བཅོས་བསྡོམས་རྩིས་རྣམ་པ་བཅས་ཀྱི་གཅིག་གྱུར་ལྔ་མངོན་འགྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལས་སྒོ་སྒྲུབ་པར་ཚད་ལྡན་ཅན་དང་། ལྟ་སྐུལ་དོ་དམ་རིག་ནུས་ཅན། སྤྱི་བའི་ཞབས་ཞུ་སྟབས་བདེ་ཅན། ཐབས་ཇུས་དབྱེ་ཞིབ་ཡང་དག་ཅན་དུ་ཡོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།