སྤུས་ལེགས་སློབ་གསོས་མཐོ་སྒང་གི་བྱིས་པའི་ཕུགས་འདུན་མངོན་འགྱུར་བྱས་པ།

9d6ebc49-28d4-4c15-849b-5bc0fd329d5f.tif.jpg

སློབ་མས་ལག་ཁྱེར་གློག་ཀླད་ལ་བརྟེན་ནས་དྲ་རྒྱའི་སློབ་ཁྲིད་ལ་ཉན་པ་དང་ལས་བྱ་འབྲི་བཞིན་པ། 

8bd65ea1-8bcc-4c9d-984d-19661bfee27d.tif.jpg

ཡི་གེ་སློབ་པ་ལས་གཞན་བྱིས་པ་ཚོའི་རང་ཉིད་ཀྱི་སློབ་འདོད་པའི་བསླབ་བྱ་གདམ་ཆོག

3d071f09-ab8b-4cd1-b22a-172413b61a2c.tif.jpg

རི་མོ་འབྲི་བ་ནི་བྱིས་པ་ཚོའི་སྤྲོ་སྣང་གི་འབྱུང་ཁུངས་ཡིན། 

fc471f70-b90e-439c-82ab-097ece8d6b66.tif.jpg

འཕྲུལ་མིའི་ཁྱད་ལྡན་སློབ་ཁྲིད་ཀྱིས་བྱིས་པ་ཚོར་བག་ཆགས་ཟབ་མོ་བཞག་པ།

65ae9b3e-76db-4aed-acf3-0d26ff52a466.tif.jpg

སོར་མོའི་འཁྱུག་རྩལ་ལ་བརྟེན་ནས་རོལ་མོའི་མཁའ་དབྱངས་སུ་བསྐྱོད་པ། 

a0cdfe1d-90b5-4fa9-9d38-aeac96f51002.tif.jpg

སློབ་རའི་རྐང་རྩལ་སྤོ་ལོ་བ་ཚོས་རྐང་རྩལ་སྤོ་ལོ་སྦྱོང་བརྡར་བྱེད་བཞིན་པ།

eb514ddc-db58-4af7-a881-00e20173273b.tif.jpg

བྱིས་པ་ཚོས་ཕྲ་མཐོང་ཆེ་ཤེལ་སྤྱོད་བཞིན་པ། 

18f3aa11-3901-4e0c-93b6-0ef332903294.tif.jpg

བྱིས་པའི་སློབ་གསོ་གློག་རྡུལ་དུས་རབས་ལ་ཐོན་འདུག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4པའི་ཚེས9ཉིན། གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་ཆུང་གསུམ་པའི་སྤྲོ་སྣང་འཛིན་གྲྭ་རུ་ཐོན་པ་ན། བྱིས་པ་ཚོས་ནན་ཏན་སྒོས་རང་གི་འཕྲུལ་མི་སྒྲིག་བཞིན་ཡོད་པ་མཐོང་། “ང་རང་སློབ་རིམ་གསུམ་པའི་སྐབས་སུ། རི་མོ་འབྲི་བ་དང་གློག་རྡུལ་ཧྥེང་ཆིན་དཀྲོལ་བ། གཞན་ད་རུང་ལུས་རྩལ་རྣམ་གྲངས་སོགས་ཀྱི་བསླབ་ཚན་ཁྲོད། འཕྲུལ་མི་སྒྲིག་པའི་བསླབ་གཞིར་ཡ་མཚར་བས་འདི་བདམས་པ་ཡིན”ཞེས་སློབ་གྲོགས་ཆུང་ཆུང་རྒྱ་མཚོས་འཕྲུལ་མི་སྒྲིག་ཞོར་དུ་གསར་འགོད་པར་དེ་ལྟར་བཤད། བྱིས་པ་ཚོའི་དགའ་སྤྲོའི་ཁྲོད་ནས་ས་གནས་འདིའི་བྱིས་པ་རྣམས་ཀྱིས་གྲོང་ཁྱེར་གྱི་སློབ་མ་དང་མཚུངས་པའི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་བྱེད་བཞིན་པ་མཚོན་ཡོད།

ལོ་ལྔའི་ནང་། རྨ་ཆེན་རྫོང་གིས་མུ་མཐུད་དུ་སློབ་གསོའི་རྣམ་གྲངས་ཐད་ཤུགས་བསྣན་པ་དང་། མ་དངུལ་སྒོར་དུང་ཕྱུར4.23བཏང་སྟེ་བྱིས་གཉིར་ཁང་རིན་མེད་དང་ལོ་དགུའི་འོས་འགན་སློབ་གསོའི་དགེ་རྒན་གྱི་དཔུང་སྡེ་དང་སློབ་གྲྭའི་སྒྲིག་ཆས་སོགས་ཁྱོན་ཡོངས་ནས་ལེགས་བཅོས་སོགས་རྫོང་ཡོངས་སུ་སློབ་གསོའི་རྣམ་གྲངས120ལྷག་ལག་བསྟར་བྱས་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲྭ་བཞི་མ་ཁྲི8སླེབས་ཤིང་། རྫོང་གི་ཁོངས་གཏོགས་སློབ་འབྲིང་དང་། སློབ་ཆུང་ཚང་མ་ཚད་ལྡན་ཅན་གྱི་སློབ་གྲྭ16གི་འཛུགས་སྐྲུན་ཚད་གཞི་མངོན་འགྱུར་བྱུང་། 

  དེ་དང་མཉམ་དུ། ཆ་འཕྲིན་ལག་རྩལ་སློབ་གསོ་ས་དེའི་སློབ་གྲྭའི་སློབ་ཁྲིད་ནང་བཀོད་སྒྲིག་བྱས་ཡོད་པ་དང་།  བྱིས་གཉོར་ཁང་དང་སློབ་ཆུང་། སློབ་འབྲིང་གི་བྱང་ཚད་སློབ་གསོ། དེ་ནས་མཐོ་འབྲིང་གི་དཀའ་གནད་གསབ་ཁྲིད་སོགས་ལ་དྲ་རྒྱའི་ཆ་འཕྲིན་ཁྱབ་པར་བྱས་ནས། སློབ་གྲྭ་སྒྲུབ་པ་དང་སློབ་གསོའི་ཆ་རྐྱེན་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།   །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།