ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་ཐེངས་བཅོ་ལྔ་པས་རྩ་འཛུགས་བྱས་ཏེ་མཚོ་སྔོན་སྡོད་གནས་མཛུབ་སྟོན་ཚོགས་ཆུང་གི་བརྙན་ལམ་བྱ་བའི་རྒྱུན་ལྡན་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས19ཉིན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་དག་ཐེར་བྱེད་པའི་ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་ཐེངས་བཅོ་ལྔ་པས་རྩ་འཛུགས་བྱས་ཏེ། མཚོ་སྔོན་སྡོད་གནས་ཀྱི་མཛུབ་སྟོན་ཚོགས་ཆུང་གི་བརྙན་ལམ་བྱ་བའི་རྒྱུན་ལྡན་ཚོགས་འདུ་བསྡུས་ཤིང་། ཟི་ལིང་ནས་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ། ཞིང་ཆེན་སྲིད་འཛིན་ཐིང་བཅས་སུ་ཡན་ལག་ཚོགས་ར་བཙུགས། 

ཚོགས་ཐོག་ནས་ཞིང་ཆེན་རིམ་པའི་སྡོད་གནས་ཀྱི་མཛུབ་སྟོན་ཚོགས་ཆུང9བཙུགས་པའི་ཚུན་གྱི་གྲུབ་འབྲས་དང་། གནད་དོན། རྗེས་ཕྱོགས་ཀྱི་འཆར་གཞི་བཅས་སྙན་ཞུ་གནང་བ་དང་། ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་གིས་སྡོད་གནས་མཛུབ་སྟོན་ཚོགས་ཆུང་སོ་སོའི་ལྟ་སྐུལ་མཛུབ་སྟོན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་། 

ཀྲུང་དབྱང་ལྟ་སྐུལ་ཚན་ཆུང་གིས་མིག་སྔར་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སློབ་གསོ་དག་ཐེར་དེ་ཞིབ་བཤེར་བཅོས་སྒྲིག་གི་གོ་རིམ་དུ་སླེབས་ཟིན་པས། སྡོད་གནས་མཛུབ་སྟོན་ཚོགས་ཆུང་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱེད་པ་དང་། ཆབ་སྲིད་ལངས་གནས་མཐོར་འདེགས་པ། འགན་འཁྲི་ཤུགས་དྲག་ཏུ་བཏང་སྟེ། ངེས་པ་དོན་གྱིས་ཞིབ་བཤེར་བཅོས་སྒྲིག་གཏིང་ཟབ་ཅིང་དངོས་སུ་འབེབས་པར་སྐུལ་འདེད་བྱེད་དགོས། འགན་འཁྲི་མ་ལག་དོན་དངོས་དང་ཞིབ་ཕྲར་འབེབས་པར་ཤུགས་བསྣན་ནས་ཕན་འབྲས་འབྱུང་བར་མཛུབ་སྟོན་ལྟ་སྐུལ་བྱེད་པ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུའི་གཙོ་གཞི་འགན་འཁྲི་དང་། སྲིད་ཁྲིམས་ལས་ཁུངས་སོ་སོའི་ཐད་ཀའི་འགན་འཁྲི། འབྲེལ་ཡོད་སྡེ་ཁག་གི་མཐུན་སྦྱོར་འགན་འཁྲི། སྲིད་ཁྲིམས་ཏང་ཨུ་དང་སློབ་སྟོན་བཅོས་སྒྲིག་གཞུང་ལས་ཁང་གི་མཛུབ་སྟོན་འགན་འཁྲི་བཅས་དངོས་ལ་འབེབས་པར་མཛུབ་སྟོན་ལྟ་སྐུལ་བྱེད་དགོས། སློབ་སྦྱོང་དག་ཐེར་ཐོག་མཐའ་བར་གསུམ་དུ་ཁྱབ་པར་ཤུགས་བསྣན་ཏེ་ཕན་འབྲས་འབྱུང་བར་མཛུབ་སྟོན་ལྟ་སྐུལ་བྱེད་པ་དང་། ཏང་སྲོལ་སློབ་གསོ་དང་། སྲིད་ཇུས་སློབ་གསོ། ཉེན་སྟོན་སློབ་གསོ་བཅས་ཀྱི་གཙོ་གནད་སློབ་གསོ་སྤེལ་ཏེ། ཏང་སྲོལ་རྒྱལ་ཁྲིམས་དང་སྲིད་ཇུས་ཡིག་ཆའི་དོན་རྟོགས་ཤིང་ཡིད་ལ་འབབ་པར་བྱས་ནས། ངེས་པ་དོན་གྱིས་སློབ་སྦྱོང་གིས་ཞིབ་བཤེར་ལ་སྐུལ་འདེད་དང་། སློབ་སྦྱོང་གིས་བཅོས་སྒྲིག་ལ་སྐུལ་འདེད། སློབ་སྦྱོང་གི་ཞོར་དུ་བཅོས་སྒྲིག་བྱེད་པ་བཅས་སྒྲུབ་ཐུབ་པར་བྱེད་དགོས།  མཛུབ་སྟོན་ལྟ་སྐུལ་དང་རང་བཤེར་རང་བཅོས་ཀྱི་མི་དང་དོན་དག་ཐག་གཅོད་བྱེད་པར་ཤུགས་བསྣན་ཏེརང་རྟོགས་གུ་ཡངས་དང་གཞནབཤེར་ནན་གཅུན་གྱི་སྲིད་ཇུས་སྤྱོད་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས། ནད་རྙིང་གཤིས་ངན་བཅོས་པ་གཏིང་ཟབ་ཅིང་དངོས་ལ་འབེབས་པར་ཤུགས་བསྣན་ཏེ་ཕན་འབྲས་འབྱུང་བར་མཛུབ་སྟོན་ལྟ་སྐུལ་བྱེད་པ་དང་། ནད་བརྟག་སྨན་བཅོས་ལྟར་རིགས་དབྱེ་དག་སྒྲིག་དང་། གནད་ཁེལ་བཅོས་སྒྲིག འགག་སྒྲོལ་དཀའ་སེལ་བཅས་བྱེད་དགོས། རྩ་འཛུགས་ཀྱིས་ཞིབ་བཤེར་ཐག་གཅོད་ལ་ཟིལ་ཤུགས་མངོན་པར་བྱེད་པའི་སྟེང་ཤུགས་བསྣན་ཏེ་ཕན་འབྲས་འབྱུང་བར་མཛུབ་སྟོན་ལྟ་སྐུལ་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་གཏེ་བོ་རྩ་མེད་དུ་གཏོང་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་སྲིད་ཁྲིམས་དཔུང་སྡེ་དག་གཙང་བཟོ་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།