མཚོ་སྔོན་ཞིང་ཆེན་གྱི2021ལོའི་གཞུང་ཞབས་པའི་རྒྱུགས་ལེན་གྱི་རྒྱུགས་ཤོག་ལ་བལྟ་བའི་བྱ་བ་བདེ་བླག་ངང་མཇུག་སྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི2021ལོའི་གཞུང་ཞབས་པའི་རྒྱུགས་ལེན་གྱི་རྒྱུགས་ཤོག་བལྟ་བའི་བྱ་བ་བདེ་བླག་ངང་མཇུག་སྒྲིལ་བ་དང་། རྒྱུགས་ཤོག་རིམ་པའི་སྐར་གྲངས་སྤྱི་ཚོགས་ཡོངས་སུ་ཁྱབ་བསྒྲགས་བྱས།

ཐེངས་འདིའི་རྒྱུགས་ཤོག་རིམ་པར་བལྟ་བའི་བྱ་བའི་ཁྲོད།《སྲིད་འཛིན་ཆེད་ལས་ནུས་ཤུགས་ཚད་ལེན》དང《སྤྱི་བདེ་ཆེད་ལས་ཤེས་བྱར》གློག་ཀླད་ཀྱིས་བལྟ་བའི་རྣམ་པ་སྤྱད་ཅིང་།《གཞུང་ལུགས་འབྲི་བར》མིའི་བཟོས་དྲ་རྒྱའི་སྒང་ནས་རྒྱུགས་ཤོག་ལ་བལྟ་བའི་རྣམ་པ་སྤྱད།《གཞུང་ལུགས་འབྲི་བའི》རྒྱུགས་ཤོག་ལ་བལྟ་སྐབས། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཁག་ནས་རིག་ཚན་ལོ་རྒྱུས་ལ་བལྟ་བའི་མི་སྣ69སྐོང་འཐེན་བྱས་ཏེ་རྒྱུགས་ཤོག་ལ་བལྟས་པའི་དུས་མཚུངས་སུ། བོད(སོག)ཡིག་གི་རྒྱུགས་ཤོག་ལ་བལྟ་མཁན་མི18སྐོང་འཐེན་བྱས་ཏེ། 《གཞུང་ལུགས་འབྲི་བའི》བོད(སོག)ཡིག་གི་རྒྱུགས་ཤོག་ལ་བལྟས། རྒྱུགས་ཤོག་ལ་བལྟ་བའི་གོ་རིམ་ཁྲོད། སྒྲིག་ཁྲིམས་ཞིབ་བཤེར་མི་སྣས་ཡུལ་དངོས་ནས་ལྟ་སྐུལ་མཛུབ་སྟོན་བྱས་ཏེ།རྒྱུགས་ཤོག་ལ་བལྟ་བའི་བྱ་བ་གཟབ་ནན་ཡོང་བ་དང་། སྒྲིག་ཁྲིམས་དང་མཐུན་པར་ཁག་ཐེག་བྱས། དེ་ལས་གཞན། ཐེངས་འདིའི་འབྲི་རྒྱུགས་ལེན་པའི་གོ་རིམ་ཁྲོད། ཁྱོན་བསྡོམས་སྒྲིག་འགལ་རྒྱུགས་ལེན་སློབ་མ8རྩད་ཆོད་ཅིང་། རྒྱལ་ཁབ་ཀྱིས་ངོས་ལེན་བྱས་པའི་ཕྱོགས་གསུམ་པའི་ཆེད་ལས་སྡེ་ཁག་གི་རྒྱུགས་ཤོག་གཅིག་འདྲ་ཡིན་པའི་རྒྱུགས་སྤྲོད་སློབ་མ22བྱུང་། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།