ཟི་ལིང་གྲོང་ཁྱེར་ན་གཞོན་ལོ་ཆུང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་དུ་བཙུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས19ཉིན།  ཟི་ལིང་གྲོང་ཁྱེར་ན་གཞོན་ལོ་ཆུང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་དེ་མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་དུ་སྒོ་བྱང་བཀལ།  སྦྱོང་བརྡར་རྟེན་གཞི་ནི་རྒྱ་ཆེའི་དགེ་སློབ་དག་ལུས་རྩལ་སྦྱོང་བརྡར་ནང་ཞུགས་པ་དང་ཆེད་ལས་ཅན་གྱི་རྒྱུ་སྤུས་བཟང་བོའི་སྦྱོང་བརྡར་སྟེགས་བུར་བསྐྲུན་རྒྱུའི་ཆེད་ཡིན་པ་མ་ཟད།  ཟི་ལིང་ས་ཁུལ་གྱི་ཕུལ་བྱུང་ལུས་རྩལ་འཇོན་མི་སྐྱེད་སྲིང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན།

མཚོ་སྔོན་ཞིང་ཆེན་གཙང་གསུམ་མི་རིགས་སློབ་འབྲིང་གིས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་།  ཉེ་བའི་ལོ་འགའི་རིང་སློབ་གྲྭས་སློབ་མའི་མཐོང་འདོད་ཉན་སྤྲོ་དང་ཞུགས་འདོད་ཆེ་བའི་ལུས་རྩལ་བྱ་འགུལ་སྣ་ཚོགས་རྒྱ་ཆེར་ངང་སྤེལ་ཏེ།  རྐང་རྩལ་སྤོ་ལོ་དང་ལུས་རྩལ་ཞབས་བྲོ།  འབྲིང་རྒྱུག་དང་རྒྱང་རྒྱུག་སོགས་རྣམ་གྲངས་མང་པོ་ལ་འཕེལ་རྒྱས་བྱུང་བ་མ་ཟད།  ཕུལ་བྱུང་ཅན་གྱི་ལུས་རྩལ་པ་སྐོར་ཅིག་སྐྱེད་སྲིང་བྱས་ཤིང་།  རྒྱལ་ཡོངས་དང་ཞིང་ཆེན།  ཟི་ལིང་གྲོང་ཁྱེར་སོགས་ཀྱི་རྣམ་པ་མི་འདྲ་བའི་འགྲན་བསྡུར་ཁྲོད་དུ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།