པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཉིན300ལྡོག་རྩིས་ཀྱི་སྒྲོག་འགྲེལ་ཚོགས་འདུ་མཚོ་སྔོན་དུ་བསྡུས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས20ཉིན།  པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲོག་འགྲེལ་ཚོགས་པ་མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི་རུ་སོང་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཉིན300ལྡོག་རྩིས་ཀྱི་མཚོ་སྔོན་ཆེད་དོན་སྙན་ཞུའི་ཚོགས་འདུ་བསྡུས།

པེ་ཅིང་དགུན་དུས་ཨོ་རྩལ་སྒྲིག་འཛུགས་ལྷན་ཚོགས་གསར་འགྱུར་དྲིལ་བསྒྲགས་པུའུ་ཡི་ལས་བཟོ་མི་སྣས་འཁྱགས་དར་ལུས་རྩལ་གྱི་འབྱུང་ཁུངས་དང་།  དགུན་དུས་ཨོ་རྩལ་གྱི་འཕེལ་རྒྱས་བརྒྱུད་རིམ།  པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དམིགས་འདུན།  ཚོགས་རའི་འཛུགས་སྐྲུན།  འགྲུམ་འགྲུལ་སྒྲིག་ཆས་སོགས་ཀྱི་ཕྱོགས་ནས2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་བོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་འཕེལ་རིམ་གྱི་གནས་ཚུལ་སྤྱིའི་ཆ་ནས་ངོ་སྤྲོད་བྱས།  ལས་རིགས་མི་འདྲ་བའི་སྒྲོག་འགྲེལ་མི་སྣ6གིས་མང་ཚོགས་ཀྱི་མཐོང་སྣེ་ནས་བརྩེ་དུང་ལྡན་པའི་སྒོ་ནས་རང་ཉིད་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གཏམ་རྒྱུད་གླེང་བ་དང་།  སྤྱིར་བཏང་གི་ཁོང་ཚོས་སྤྱིར་བཏང་མ་ཡིན་པའི་གྲུབ་འབྲས་གསར་གཏོད་བྱས་ནས།  བརྩེ་སེམས་ཟབ་ལ་དོན་དངོས་དང་ལྡན་པས་ཡུལ་དངོས་ཀྱི་ལྟད་མོ་བར་སེམས་འགུལ་ཆེན་པོ་ཐེབས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།