མཚོ་སྔོན་ཞིང་ཆེན་གྱིས་ཞིབ་དཔྱོད་མཉམ་སྒྲུབ་ལམ་ལུགས་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་བདུན་གྱི་མི་དམངས་ཞིབ་དཔྱོད་ཁང་གིས་མཉམ་འབྲེལ་སྒོས《རྨ་ཆུའི་བཞུར་རྒྱུད(མཚོ་སྔོན་མཚམས)ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ས་ཁོངས་བརྒལ་བའི་ཞིབ་དཔྱོད་མཉམ་སྒྲུབ་ལམ་ལུགས་འཛུགས་པའི་སྐོར་གྱི་བསམ་འཆར 》ལ་མིང་རྟགས་བཀོད་དེ། མཚོ་སྔོན་གྱིས་ཐོག་དང་པོར་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་དེ་ལས་འགན་གཙོ་བོར་བརྩིས་པའི་ཞིབ་དཔྱོད་ལས་ཁུངས་ཀྱི་ས་ཁོངས་བརྒལ་བའི་མཉམ་སྒྲུབ་ལམ་ལུགས་དངོས་སུ་གྲུབ།

ངོ་སྤྲོད་བྱས་པ་ལྟར་ན། གྲོང་ཁྱེར་དང་ཁུལ་བདུན་གྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་དེ་སྔོན་རྨ་ཆུའི་སྟོད་རྒྱུད་ཞིབ་དཔྱོད་ལས་ཁུངས་ཀྱིས་སྨད་རྒྱུད་ཞིབ་དཔྱོད་ལས་ཁུངས་ལ་གཏོར་བརླག་བཏང་ནས་གྱོད་གཞི་སྒྲུབ་པར་དཀའ་ངལ་ཆེ་བ་དང་། དུས་ཡུན་རིང་བ། ལས་ཕྱོད་དམའ་བ་སོགས་ཀྱི་ཞན་ཆ་མེད་པར་བཟོས་ཏེ། ཉེས་དོན་དང་དམངས་དོན། སྲིད་འཛིན་ཞིབ་དཔྱོད། སྤྱི་ཕན་གཏུག་བཤེར་སོགས་ཐད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས་སོགས་ཁྱབ་ཁོངས་དང་འབྲེལ་བའི་གྱོད་གཞི་ས་ཁོངས་བརྒལ་ནས་མཉམ་དུ་གྱོད་གཞི་སྒྲུབ་རྒྱུ་རེད། རྨ་ཆུའི་སྟོད་རྒྱུད་ཀྱི་མཚོ་སྔོན་ས་ཁུལ་དུ་གནད་འཁེལ་རྡུང་རྡེག་དང་། སྣ་མང་ཅན་གྱི་ལྟ་སྐུལ། ཆེད་ལས་ཅན་གྱི་ཞིབ་གཅོད། སྤྱི་ཚོགས་ཅན་གྱི་བཅོས་སྐྱོང་། ཁྲིམས་སྐྱོང་ཅན་གྱི་ཞབས་ཞུ་བཅས་ཟུང་འབྲེལ་བྱེད་པའི་ཁོར་ཡུག་གི་ཐོན་ཁུངས་ཁྱོན་ཡོངས་ནས་སྲུང་སྐྱོང་བྱེད་པའི་རྣམ་པ་བཙུགས་ནས། སྲིད་འཛིན་ཁྱབ་ཁོངས་འོག་གི“སྲུང་སྐྱོང་ཆུང་ངུ”དེ་རྨ་ཆུ་འབབ་རྒྱུད་ཧྲིལ་པོའི“སྲུང་སྐྱོང་ཆེན་པོ”རུ་བསྒྱུར་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།